KM-banner1.jpg
KM-banner10.jpg
KM-banner11.jpg
KM-banner12.jpg
KM-banner13.jpg
KM-banner14.jpg
KM-banner15.jpg
KM-banner16.jpg
KM-banner25.jpg
KM-banner24.jpg
KM-banner23.jpg
KM-banner22.jpg
KM-banner21.jpg
KM-banner20.jpg
KM-banner2.jpg
KM-banner19.jpg
KM-banner17.jpg
KM-banner18.jpg
KM-banner26.jpg
KM-banner27.jpg
KM-banner28.jpg
KM-banner29.jpg
KM-banner3.jpg
KM-banner30.jpg
KM-banner31.jpg
KM-banner4.jpg
KM-banner5.jpg
KM-banner6.jpg
KM-banner9.jpg
KM-banner8.jpg
KM-banner7.jpg
Shadow

མི་འཁྲུགས་པའི་བྱང་སྲེག་གི་སྐོར།

མགོན་པོ་མི་འཁྲུགས་པའི་ངོ་སྤྲོད་ནི། མདོ་སྡེ་དཀོན་མཆོག་བརྩེགས་པའི་ནང་མི་འཁྲུགས་པའི་ཞིང་བཀོད་ཀྱི་མདོ་ཞེས་པ་ཞིག་ཡོད། ལོ་ཤས་ནས་བཟུང་མི་འཁྲུགས་པའི་ཆོ་ག་ལ་དང་ཞེན་ཆེན་པོ་བྱུང་། དེས་ན་མི་འཁྲུགས་པའི་བསྙེན་མཚམས་དང་། དེ་དང་ཆབས་ཅིག་མི་འཁྲུགས་པའི་ཆོས་འཁོར་ཡང་མཛད་བཞིན་པ་ཡིན། དེང་དུས་རབས་ཉེར་གཅིག་པ་འཕྲུལ་ཐབས་དང་འབྲེལ་བའི་དུས་རབས་ཡིན་སྟབས་སྣོད་བཅུད་མཐའ་དག་ལ་སྔར་དང་མི་འདྲ་བའི་དོ་ཕོག་ཆེན་པོ་དང་གནོད་འཚེ་ཆེན་པོ་ཡོང་བཞིན་པས། མགོན་པོ་མི་འཁྲུགས་པ་འདི་ཉིད་ལས་སྒྲིབ་སྦྱོང་བ་ལ་མཆོག་ཏུ་བསྔགས་པ་ཡིན།
མི་འཁྲུགས་པའི་སྐོར་མདོར་བསྡུས་ཞུ་ན། དེ་ཡང་སངས་རྒྱས་མི་འཁྲུགས་པ་ཞེས་བྱ་བ་དེ་འཕགས་པ་དཀོན་མཆོག་བརྩེགས་པའི་ལེའུ་སྟོང་ཕྲག་བརྒྱ་པ་དེ་ལས་བོད་དུ་ལེའུ་བཞི་བཅུ་ཞེ་དགུ་ལས་མེད། མི་འཁྲུགས་པའི་སྐོར་དེ་མདོ་སྡེ་དཀོན་བརྩེགས་ཁ་པའི་ནང་ཡོད་ཅིང་དེ་ཉིད་ནང་ཤོག་གྲངས་བདུན་ཅུ་ལྷག་ཙམ་ཡོད། དེ་ཉིད་ཤཱ་རིའི་བུས་སངས་རྒྱས་ལ་གསོལ་བ་བཏབ་པ་ལ་བརྟེན་ནས་སངས་རྒྱས་ཀྱིས་གསུངས་པ་ཡིན།
མི་འཁྲུགས་པའི་སྨོན་ལམ་ནང་སྒྲུབ་པའི་སྨོན་ལམ་བཅོ་བརྒྱད། ནན་ཏན་གྱི་སྨོན་ལམ་ཆེན་པོ་བདུན། གཞན་ཡང་སྨོན་ལམ་ཆེན་པོ་བརྒྱད་བཏབ་ནས་སངས་རྒྱས་སྤྱན་ཆེན་པོའི་དྲུང་དུ་ཐུགས་བསྐྱེད་པ་ཡིན། སྐབས་དེར་སངས་རྒྱས་སྤྱན་ཆེན་པོའི་གམ་དུ་ཡོད་པའི་དགེ་སློང་ཞིག་གིས་བཟོད་པའི་གོ་ཆ་འདི་ལྟ་བུ་བཞེས་ནུས་པ་དེ་ཉིད་མི་འཁྲུགས་པའམ་གཡོ་བ་མེད་པའི་རང་བཞིན་ཡིན་འདུག་ཅེས་དང་། སངས་རྒྱས་སྤྱན་ཆེན་པོས་ཀྱང་ཁྱེད་ད་ལྟ་བྱང་ཆུབ་སེམས་དཔའི་ལམ་ལ་སློབ་བཞིན་པའི་སྐབས་སུའང་མི་འཁྲུགས་པའི་མཚན་དུ་ཐོགས་པ་ལྟར་མ་འོངས་པ་ན་སངས་རྒྱས་པའི་སྐབས་སུའང་མི་འཁྲུགས་པ་ཞེས་པའི་མཚན་དེ་ཉིད་རང་གནས་སུ་གནས་པར་ལུང་བསྟན།
སངས་རྒྱས་མི་འཁྲུགས་པའི་ཉམས་ལེན་བྱ་རྒྱུ་དེ་གང་གི་སྤྱོད་པའམ་རྣམ་ཐར་ལ་སློབ་དགོས་པ་ཡིན། རང་རེ་རྣམས་ནས་སྣང་མེད་དུ་མི་འཇོག་པར་རང་གི་རྒྱུད་ཚོད་ཀྱིས་ཇི་ལྟར་ཉམས་སུ་ལེན་ནུས་པ་ཚུལ་བཞིན་སྒྲུབ་དགོས། མི་འཁྲུགས་པའི་ཞིང་ཁམས་སུ་སྐྱེ་ བར་དགེ་བའི་རྩ་བ་ཁྱད་པར་ཅན་ཞིག་དགོས་པ་ལས་དེ་མིན་སྐྱེ་དཀའ་བ་ཡིན། དེས་ན་མཐུན་པའི་རྐྱེན་བསྔོ་བ་དང་། སྨོན་ལམ་ལ་བསྟེན་དགོས་པ་ཡིན། བསྔོ་རྒྱུའི་དགེ་བ་ཡོད་པ་ལ་བསྔོ་བ་དང་། བསྔོ་རྒྱུའི་དགེ་བ་དམིགས་བསལ་མེད་ཀྱང་སྨོན་ལམ་འདེབས་ཆོག་པ་ཡིན། དེར་བརྟེན་སྨོན་ལམ་འདེབས་རྒྱུ་ཤིན་ཏུ་གལ་ཆེན་པོ་ཡིན། དེས་ན་ལོ་བསྟར་ཆགས་སུ་དཔལ་༸རྒྱལ་དབང་ཀརྨ་པ་མཆོག་ནས་གཤིན་པོ་རྗེས་འཛིན་ཕྱིར་བྱང་སྲེག་མཛད་མུས་ཡིན་ཡང་། འདི་ལོ་མགོན་པོ་མཆོག་རྐྱེན་སྣ་ཚོགས་ལ་བརྟེན་བཀའ་བརྒྱུད་སྨོན་ལམ་ཐེངས་སོ་ལྔ་པར་ཞབས་སོར་བསྐྱངས་མ་ཐུབ་པར་བརྟེན་ ཨ་འཛིན་རིན་པོ་ཆེ་ནས་བྱང་སྲེག་མཛད་པའི་ཐུགས་འཁུར་བཞེས། དེ་ཡང་ཕྱི་ལོ་ ༢༠༡༨ ཟླ་ ༣ པའི་ཚེས་ ༣ ཉིན། ཕྱི་དྲོ་ཆུ་ཚོད་ལྔ་པའི་ཐོག་དབུ་འཛུགས་ཀྱིས་སྲོད་ཀྱི་དུས་ཚོད་བརྒྱད་པའི་བར་ཡོངས་དགེ་གཏེར་སྒར་དགོན་གྱི་སྒོ་མཆོར་མདུན་དུ་སྔར་སྲོལ་ལྟར་སྐྱབས་རྗེ་ཨ་འཛིན་རིན་པོ་ཆེ་དབུ་བཞུགས་ཀྱིས། དེ་སྔ་མི་འཁྲུགས་པའི་བསྙེན་མཚམས་སུ་བཞུགས་ཟིན་པ་རྣམས་དང་ལྷན་དུ་དུས་ཡུན་ཆུ་ཚོད་གསུམ་ཙམ་རིང་མི་འཁྲུགས་པའི་ཆོ་ག་དང་འབྲེལ་བའི་སྒོ་ནས་ཚེ་ལས་འདས་པ་གནས་ར་ཀརྨ་ལྷུན་གྲུབ་དང་། ཨ་ནེ་རྨེའུ་རོང་གི་མ་རྒན་སུན་ཊྲུན་ཧག་གཉིས་ཀྱིས་གཙོས་པའི་སེམས་ཅན་ཚེ་ལས་འདས་ཚད་རྣམས་རྗེས་འཛིན་གྱི་ཐུགས་སྨོན་དྲག་པོ་དང་བཅས་དགོན་པའི་མདུན་ཕྱོགས་སུ་བྱང་ཤོག་སྲེག་པར་མཛད་པའི་གནས་ཚུལ་སྙིང་བསྡུས་སུ། བསྟན་འཛིན་རྣམ་རྒྱལ་ནས།