KM-banner1.jpg
KM-banner10.jpg
KM-banner11.jpg
KM-banner12.jpg
KM-banner13.jpg
KM-banner14.jpg
KM-banner15.jpg
KM-banner16.jpg
KM-banner25.jpg
KM-banner24.jpg
KM-banner23.jpg
KM-banner22.jpg
KM-banner21.jpg
KM-banner20.jpg
KM-banner2.jpg
KM-banner19.jpg
KM-banner17.jpg
KM-banner18.jpg
KM-banner26.jpg
KM-banner27.jpg
KM-banner28.jpg
KM-banner29.jpg
KM-banner3.jpg
KM-banner30.jpg
KM-banner31.jpg
KM-banner4.jpg
KM-banner5.jpg
KM-banner6.jpg
KM-banner9.jpg
KM-banner8.jpg
KM-banner7.jpg
Shadow
བཀའ་བརྒྱུད་སྨོན་ལམ་སྐབས་སོ་བདུན་པའི་གནས་བརྟན་ཕྱག་སྐོར་རམ་བསོད་སྙོམས་རྒྱུ་འབུལ་གྱི་མཛད་རིམ།

བཀའ་བརྒྱུད་སྨོན་ལམ་སྐབས་སོ་བདུན་པའི་གནས་བརྟན་ཕྱག་སྐོར་རམ་བསོད་སྙོམས་རྒྱུ་འབུལ་གྱི་མཛད་རིམ།

 

ཕྱི་ལོ་ ༢༠༢༠ ཟླ་ ༢ ཚེས་ ༧ ཉིན་སྔ་དྲོ་དུས་ཚོད་བདུན་པའི་ཐོག་བསོད་སྙོམས་རྒྱུ་འབུལ་གྱི་མཛད་རིམ་དབུ་ཚུགས་ཤིང་། སྤྱིར་བསོད་སྙོམས་རྒྱུ་འབུལ་གྱི་མཛད་རིམ་ནི་སྔ་ལོ་ལྟར་བདག་ཅག་གི་སྟོན་པ་གཙོ་འཁོར་གསུམ་གྱིས་དབུས་ཐུབ་པས་བཀའ་ བསྒོས་ཤིང་བསྟན་པའི་རྒྱལ་མཚན་འཛིན་པའི་འཕགས་པའི་གནས་བརྟན་ཆེན་པོ་ཡན་ལག་འབྱུང་དང་། མ་ཕམ་པ་དང་། ནགས་ན་གནས་པ་ལ་སོགས་གནས་བརྟན་ཆེན་པོ་བཅུ་དྲུག་གི་ཞལ་འབག་དང་ཟ་འོག་ལས་གྲུབ་པའི་ན་བཟའ་ལོ་ཤས་སྔོན་ནས་བཅོས་ པ་དེ་བཞིན་མནབས་ནས་གནས་བརྟན་རེ་རེའི་མཇུག་ཏུ་ཞལ་ཏ་བ་རེ་དང་གནས་བརྟན་སོ་སོའི་དགྲ་བཅོམ་གྱི་འཁོར་གྲངས་དང་ མཐུན་པ་ མཚོན་ཕྱིར་དགྲ་བཅོམ་བརྒྱ་ཕྲག་རེར་དགེ་སློང་རེ་རེའི་གྲངས་ཀྱིས་མཚོན་པར་བྱས་ཏེ་གནས་བརྟན་རང་རང་གི་དགྲ་བཅོམ་གྱི་འཁོར་ གྲངས་དང་མཐུན་པའི་བར་དུ་གནས་བརྟན་རེ་སྟེ་ཡོངས་བསྡོམས་དགེ་སློང་བརྒྱ་དང་བདུན་ཅུ་ཙམ་དང་ཕྱི་ནང་གི་དགེ་སློང་མ་བཅུ་ཕྲག་ ལ་ཉེ་བ་རྣམས་རེ་རེ་བཞིན་བསོད་སྙོམས་ལ་ཕེབས་སྐབས་སྤྱོད་ལམ་དུལ་ཞིང་གོམ་སྟབས་བུལ་བ་སྔོན་བདག་ཅག་གི་སྟོན་པ་ཐུགས་ རྗེ་ཅན་འཇིག་རྟེན་དུ་འཚོ་ཞིང་གཞེས་པའི་སྐབས་སུ་ཡང་དགེ་སློང་རྣམས་བསོད་སྙོམས་ལ་རྒྱུ་ཚུལ་འདི་ལྟ་བུ་ཞིག་ཡིན་ཤས་ཆེ་སྙམ་ པའི་དད་གུས་རང་དབང་མེད་པར་སྐྱེ་ཞིང་། འདྲེན་བྱེད་མཆི་མས་བརླན་ཞིང་ལུས་ཀྱི་བ་སྤུ་དབང་མེད་དུ་ལྡང་བར་བྱེད།

བསོད་སྙོམས་འབུལ་ཚུལ་སྔར་མུས་བཞིན་འཕགས་པའི་གནས་བརྟན་རྣམས་སྨོན་ལམ་ཆོས་རའི་ནང་ལོ་ཤས་སྔོན་ནས་བསྐྲུན་པའི་རང་ རང་གི་བཞུགས་ཁྲིར་འཁོད་ཟིན་རྗེས་བསྙེན་བཀུར་གྱི་འབུལ་བ་ཐོག་མ་༸སྐྱབས་རྗེ་འབོ་དཀར་ཡང་སྲིད་རིན་པོ་ཆེ་མཆོག་ནས་བར་མ་རབ་ བྱུང་གི་སྡོམ་པ་ནོད་པའི་རྟེན་མཚོན་གྱི་སྒོ་འཕར་འབྱེད་སླད་སྟོབ་པར་མཛད་ཅིང་། དེ་མཇུག་བླ་བྲང་ཆེ་འབྲིང་ཁག་དང་། ཕྱི་ནང་དད་ ལྡན་གྱི་ཡོན་བདག་ཕོ་མོ་ཡོངས་ནས་རེ་རེ་བཞིན་ཚང་ཀ་མེད་པར་བསོད་ནམས་ཀྱི་ཚོགས་གསོག་སླད་བསྙེན་བཀུར་ གྱི་འབུལ་བ་ ལེགས་པར་ཞུས།

འདི་ལོ་བཀའ་བརྒྱུད་སྨོན་ལམ་ཐེངས་སོ་བདུན་པའི་དུས་འདིར་འཕགས་པའི་གནས་བརྟན་བཅུ་དྲུག་གི་ཞལ་འབག་དང་ན་བཟའ་གནའ་བོའི་ ལོ་རྒྱུས་དང་མཐུན་པར་རྒྱ་ལུགས་སུ་མནབས་ཏེ་བསོད་སྙོམས་ལ་ཕེབས་པ་ནི། དེ་ཡང་ཐོག་མར་བདག་ཅག་གི་སྟོན་པ་སྐུ་མྱ་ངན་ལས་ འདའ་ཁར་གང་གི་ལུང་རྟོགས་ཀྱི་བསྟན་པ་གནས་བརྟན་བཅུ་དྲུག་པོར་ཚུལ་བཞིན་སྐྱོང་དགོས་ཚུལ་གྱི་བཀའ་བསྒོས་པ་ཇི་བཞིན་ད་བར་ གནས་བརྟན་རྣམས་ཀྱིས་ཡུལ་སོ་སོར་བཞུགས་ཏེ་བསྟན་དོན་རླབས་པོ་ཆེ་མཛད་མུས་དང་། འཕགས་པའི་གནས་བརྟན་རྣམས་བསྟན་ པའི་བདག་པོར་སོང་རབ་བྱུང་སྟོང་ཚོ་བརྒལ་བ་གང་དུ་ཚོགས་པའི་གཞིར་དངོས་སུ་བྱོན་ཏེ་བསྟན་པའི་བྱ་བ་མཛད་ཚུལ་གསུང་རབ་ཁག་ གི་ནང་དངོས་སུ་གསལ་བ་ལྟར། བདག་ཅག་གི་སྟོན་པ་སྐུ་མྱ་ངན་ལས་འདས་རྗེས་འཕགས་པའི་གནས་བརྟན་རྣམས་བསྟན་པའི་བདག་པོ་ འགྲོ་བའི་རྣམ་འདྲེན་ཆེན་པོ་དང་གཉིས་སུ་མ་མཆིས་སྟབས་བོད་ཀྱི་དགོན་སྡེ་ཐམས་ཅད་དུ་གནས་བརྟན་བཅུ་དྲུག་གང་རུང་གི་སྐུ་བརྙན་ ཞིག་ངེས་པར་དུ་བཞེངས་སྲོལ་ཡོད།

རྗེ་བདུན་པ་ཆོས་གྲགས་རྒྱ་མཚོའི་སྐུ་དུས་སྒར་ཆེན་སྨོན་ལམ་ཆེན་མོ་ཚོགས་སྐབས་གནས་བརྟན་བཅུ་དྲུག་གི་ན་བཟའ་དང་སྐུ་འབག་ མནབས་ཏེ་བསོད་སྙོམས་སུ་ཕེབས་སྲོལ་ཡོད་སྟབས་དེ་ཉིད་ཀྱི་རྣམ་ཐར་རྗེས་སུ་དྲན་པ་དང་། གདུལ་བྱ་མཆོག་དམན་ཡོངས་ཀྱིས་ དེ་དག་གི་སྐུ་བརྙན་སླར་ཡང་མཇལ་ནུས་པའི་ཕྱིར་དཔལ་༸རྒྱལ་དབང་ཀརྨ་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ་མཆོག་ནས་བསྐྱར་གསོ་མཛད་ པ་ཞིག་ཀྱང་ཡིན། དེ་ལྟའི་རྒྱུན་ཀརྨ་པ་སྐུ་འཕྲེང་བཅུ་པ་བར་ཚུགས། དེ་རྟིང་ཅུང་ཉམས་ཆག་སོང་ཡང་རྒྱུན་ཙམ་ཞིག་བཞུགས་ཡོད་སྟབས་ ༡༩༥༩ སྟེ་བོད་དུས་མ་ལོག་བར་མུ་མཐུད་གནས་ཡོད་སྟབས་སྒར་ཆེན་གྱི་ལམ་སྲོལ་བསྐྱར་གསོ་དང་མི་ཉམས་གོང་འཕེལ་འབྱུང་ཕྱིར། འདི་ལོའི་སྨོན་ལམ་སྐབས་ཀྱང་སྔ་ལོ་བཞིན་གྲ་རྒྱས་པར་མཛད་པ་ནི་༸རྒྱལ་དབང་མཆོག་གི་ཐུགས་བསྐྱེད་སྨོན་ལམ་དང་༸སྐྱབས་མགོན་ རྒྱལ་བའི་རྒྱལ་ཚབ་རིན་པོ་ཆེ་མཆོག་དང་། ༸སྐྱབས་རྗེ་གར་དབང་རིན་པོ་ཆེ་དང་། ༸སྐྱབས་རྗེ་མི་འགྱུར་རིན་པོ་ཆེས་ དབུས་པའི་མཆོག་ གི་སྤྲུལ་པའི་སྐུ་རྣམ་པའི་འཕྲིན་ལས་ཀྱི་རོལ་པ་ལ་བརྟེན་ནས་སྦྱོར་དངོས་མཇུག་གསུམ་རྣམ་པར་དགེ་བར་གྱུར་ཏོ། །
བསྟན་འཛིན་རྣམ་རྒྱལ་ནས།

 

20200207_Alms Procession and offerings to the 16 Arhats