KM-banner1.jpg
KM-banner10.jpg
KM-banner11.jpg
KM-banner12.jpg
KM-banner13.jpg
KM-banner14.jpg
KM-banner15.jpg
KM-banner16.jpg
KM-banner25.jpg
KM-banner24.jpg
KM-banner23.jpg
KM-banner22.jpg
KM-banner21.jpg
KM-banner20.jpg
KM-banner2.jpg
KM-banner19.jpg
KM-banner17.jpg
KM-banner18.jpg
KM-banner26.jpg
KM-banner27.jpg
KM-banner28.jpg
KM-banner29.jpg
KM-banner3.jpg
KM-banner30.jpg
KM-banner31.jpg
KM-banner4.jpg
KM-banner5.jpg
KM-banner6.jpg
KM-banner9.jpg
KM-banner8.jpg
KM-banner7.jpg
Shadow

ལོ་གསར་ཉིན་གཉིས་པའི་དགོང་ཚོགས།

སྤྱི་ལོ་༢༠༡༧ཟླ་༢ཚེས་༢༨བོད་མེ་བྱ་ལོ་ཟླ་བ་དང་པོའི་ཚེས་གཉིས་ཀྱི་དགོང་མོར་༸རྒྱལ་དབང་ཀརྨ་པ་སྐུ་ཡི་ཕྲེང་བ་འཛིན་པ་བཅུ་བདུན་པ་ཆེན་པོ་མཆོག་གི་དབུས་པས་སྐྱབས་རྗེ་རྒྱབ་ཚབ་རིན་པོ་ཆེ་དང་འདུས་མང་སེར་སྐྱ་ཡོངས་བཞུགས་གྲལ་དུ་འཁོད་ཟིན་རྗེས་རྗེ་དུས་གསུམ་མཁྱེན་པའི་ཐུགས་དམ་ལྔ་ཚན་ལྔ་ལས་བདེ་མཆོག་ལྷ་ལྔའི་མངོན་པར་རྟོགས་པ་རྗེ་ཀརྨ་པ་བརྒྱད་པས་མཛད་པའི་ཚོགས་འཁོར་དང་འབྲེལ་བའི་ཕྱི་དྲོའི་གསོལ་ཚིགས་དང་སྲོལ་རྒྱུན་གླུ་གར་གྱི་མཆོད་བསྟོད་ཕུལ།དེ་ཡང་གླུ་གར་གྱི་མཆོད་བསྟོད་ཕུལ་བའི་དགོས་པ་ནི་ཧི་མཱ་ལ་ཡའི་རི་རྒྱུད་ཀྱི་སྲོལ་རྒྱུན་རིག་གཞུང་མི་ཉམས་པ་དང་།གྲུབ་མཐའ་ལ་ཞུགས་མ་ཞུགས་མང་པོ་ཞིག་གིས་མིག་ཡིད་རྣ་བའི་དགའ་སྟོན་ལ་རོལ་ནས་དགའ་སྐྱིད་སྤྲོ་སྣང་གི་མེ་ཏོག་གསར་དུ་བཞད་ཐུབ་པ་དང་། ཆོས་ཕྱོགས་ནས་ཀྱང་བཅོམ་ལྡན་འདས་ཀྱིས་མདོ་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས།གླུ་གར་བཟང་པོ་སྣ་ཚོགས་མང་པོ་དང་།།ཡིད་གཙང་བཞད་གད་རོལ་མོ་སྣ་ཚོགས་དང་།།རྟག་པར་མར་མེའི་ཕྲེང་སྡུག་བཟང་པོ་ཡིས།།མཚུངས་པ་མེད་ལ་མཆོད་བཟང་རབ་ཏུ་གྱིས།།ཞེས་གདམས་པ་ལྟར་རྒྱལ་བ་དགྱེས་པའི་མཆོད་སྤྲིན་དུ་གྱུར་གྱི་ཡོད་པ་སོགས་དགོས་ཆེད་དུ་མར་དམིགས་ཏེ་ཐོག་མར་སྐུ་ཞབས་ཤེས་རབ་མཐར་ཕྱིན་དང་དངོས་གྲུབ་ཚེ་རིང་རྣམ་པ་གཉིས་ཀྱིས་བོད་དབྱིན་གཉིས་ཀྱི་སྐད་ཐོག་ནས་སྒར་ཆེན་ལོ་སར་དང་སྲོལ་རྒྱུན་གླུ་གར་དང་འབྲེལ་བའི་ལོ་རྒྱུས་དང་བྱུང་རབས་དགོས་ཆེད་སོགས་མཚམས་སྦྱོར་དང་སྦྱར་ཏེ་ངོ་སྤྲོད་རིམ་གྱིས་གནང་ཞིང་།རྡ་ས་ཟློས་གར་ཚོགས་པ་དང་།འབྲུགའབྲས་ལྗོངས།མོན་པ།ལ་དྭགས་སོགས་ནས་ཕེབས་པའི་གླུ་པ་གླུ་མ་དང་།ཟློས་གར་ཁང་རྣམ་པས་འཁྲབ་གཞས་དང་རྐྱང་གཞས་བར་བར་དུ་བོད་ནས་སྐད་གྲགས་ཅན་གྱི་གླུ་པ་གླུ་མ་ཁག་གཅིག་ནས་༸རྒྱལ་དབང་མཆོག་ལ་བསྟོད་གཞས་འོད་སྡེར་བོད་ནས་གསར་དུ་འབྱོར་བ་དང་སྦྱར་ནས་འདུས་མང་ཡོངས་ལ་གཟིགས་འབུལ་ཞུས་ཟིན་རྗེས་སྐུ་ཞབས་རྣམ་པ་གཉིས་ནས་བཀྲ་ཤིས་བསྔོ་སྨོན་གྱིས་མཇུག་བསྡུས།དེ་རྗེས་དབུ་མཛད་རྣམ་པས་བདེ་མཆོག་ཚོགས་འཁོར་གྱི་མཇུག་བཀྲ་ཤིས་བསྔོ་སྨོན་གྱིས་བརྒྱན་ཏེ་མཛད་སྒོ་མཇུག་ལེགས་པར་གྲུབ་བོ།།

གནས་ཚུལ་མདོར་བསྡུས་སུ་ལྷ་ཐོག་ཐུབ་སྦྱིན་ནས།

20170228PM_Grand Garchen Losar Feast