KM-banner1.jpg
KM-banner10.jpg
KM-banner11.jpg
KM-banner12.jpg
KM-banner13.jpg
KM-banner14.jpg
KM-banner15.jpg
KM-banner16.jpg
KM-banner25.jpg
KM-banner24.jpg
KM-banner23.jpg
KM-banner22.jpg
KM-banner21.jpg
KM-banner20.jpg
KM-banner2.jpg
KM-banner19.jpg
KM-banner17.jpg
KM-banner18.jpg
KM-banner26.jpg
KM-banner27.jpg
KM-banner28.jpg
KM-banner29.jpg
KM-banner3.jpg
KM-banner30.jpg
KM-banner31.jpg
KM-banner4.jpg
KM-banner5.jpg
KM-banner6.jpg
KM-banner9.jpg
KM-banner8.jpg
KM-banner7.jpg
Shadow

སྒར་པ་ལོ་གསར་ཉིན་གཉིས་པའི་བཞུགས་གྲལ་ཆེན་མོ།

ཕྱི་ལོ་ ༢༠༡༧ ཟླ་ ༢ ཚེས་ ༢༨ སྒར་པའི་ལོ་གསར་ཉིན་གཉིས་པ་བཞུགས་གྲལ་ཆེན་མོའི་སྐབས། སྔ་དྲོ་དུས་ཚོད་བརྒྱད་པའི་ཐོག་དཔལ་༸རྒྱལ་དབང་ཀརྨ་པ་མཆོག་བཞུགས་གནས་གཏེར་སྒར་དགོན་ནས་སྨོན་ལམ་ཆོས་རར་རྒྱ་གླིང་སྤོས་སྣ་དང་བཅས་ཏེ་ཆིབས་སྒྱུར་བསྐྱངས། དེ་ནས་མི་འཇིགས་པའི་གསེར་ཁྲི་མངོན་པར་མཐོ་བའི་སྟེང་དུ་བརྗིད་ཉམས་བཅས་ཏེ་བཞུགས་པར་མཛད། བཞུགས་གྲལ་གཡས་སུ་༸སྐྱབས་རྗེ་རྒྱལ་ཚབ་རིན་པོ་ཆེ་དང་ཞི་བ་ལྷ་རིན་པོ་ཆེ་གཙོས་པའི་རྒྱ་གར་གཞུང་གི་སྣེ་ཤན་པ། བོད་གཞུང་གི་ཆོས་དོན་དྲུང་གཞོན། དགོན་སྡེ་ཁག་གི་ཕྱག་མཛོད་དང་། བླ་བྲང་ལས་བྱེད་རྣམས་དང་། བྱིན་བདག་རྣམས་ན་རིམ་གྱིས་བཞུགས། བཞུགས་གྲལ་གཡོན་དུ་ཡོངས་དགེ་མི་གྱུར་རིན་པོ་ཆེ་དང་འབོ་དཀར་ཆུང་སྲིད་རིན་པོ་ཆེ་དང་འབོ་དཀར་མཁན་རིན་པོ་ཆེ་གཙོས་པའི་དགོན་སྡེ་ཁག་གི་མཁན་སྤྲུལ་རྣམས་དང་། དེ་བཞིན་དབུ་རྡོར་ཆོས་གསུམ་རྣམས་ཀྱི་གྲལ་བསྟར་དྲང་པོར་བསྒྲིགས་ཏེ་འཁོད་པར་མཛད།

དེ་ནས་དབུ་མཛད་ཀྱི་ཚིག་བདུན་གསོལ་འདེབས་ཀྱིས་དབུ་བཟུང་སྟེ་ཕག་མོའི་བདུད་རྩི་ལག་མཆོད་བར་འདོན་པ་དལ་གྱིས་དབྱངས་དང་བཅས་ཏེ་ཕབ། དེའི་རྗེས་གསོལ་ཇའི་བར་མཚམས་སྐབས་བོད་གཞུང་ཟློས་གར་ཚོགས་པས་གར་གླུའི་གཟིགས་འབུལ་དང་། དེ་ནས་ཁྱིམ་པ་གཉིས་ནས་ཆོས་ཀྱི་འབྱུང་བ་བརྗོད་པའི་འབེལ་གཏམ་དང་། ཁྲ་འགུ་དགོན་གྱི་དགེ་འདུན་པ་རྣམས་དང་། འབྲུག་དཔལ་མོ་ཆོས་ཀྱི་ལྡིང་ཁང་གི་བཙུན་མ་རྣམས་ནསདབུ་མཛད་ཀྱི་དབྱངས་དང་བསྟུན་ནས་ཤོ་མོ་ཡར་ཤོག་མའི་མགུར་གསུངས། དེའི་མཇུག་ཏུ་གདན་ས་ཤེས་རབ་གླིང་དང་མི་རིགས་བཤད་གྲྭའི་དགེ་འདུན་པ་གཉིས་ནས་སེམས་བསྐྱེད་དང་འབྲེལ་བའི་ཚོགས་ལངས་ཀྱི་རྒལ་བརྟག་མཛད།

མཇུག་ཏུ་དབུ་མཛད་རྣམས་ཀྱིས་དུས་མཁྱེན་སྐུ་བསྟོད་ནས་བདེན་གྲུབ་མ་བར་ཚོགས་འདོན་མཛད་ཅིང་མཐར་བཞུགས་གྲལ་པ་རྣམས་ཀྱིས་སྡེར་ཁ་བསྡུས་རྗེས་སྔ་དྲོའི་མཛད་སྒོ་རེ་ཞིག་གྲོལ། བསམ་གཏན་མཐར་ཕྱིན་ནས།

20170228PM_Grand Garchen Losar Feast