KM-banner1.jpg
KM-banner10.jpg
KM-banner11.jpg
KM-banner12.jpg
KM-banner13.jpg
KM-banner14.jpg
KM-banner15.jpg
KM-banner16.jpg
KM-banner25.jpg
KM-banner24.jpg
KM-banner23.jpg
KM-banner22.jpg
KM-banner21.jpg
KM-banner20.jpg
KM-banner2.jpg
KM-banner19.jpg
KM-banner17.jpg
KM-banner18.jpg
KM-banner26.jpg
KM-banner27.jpg
KM-banner28.jpg
KM-banner29.jpg
KM-banner3.jpg
KM-banner30.jpg
KM-banner31.jpg
KM-banner4.jpg
KM-banner5.jpg
KM-banner6.jpg
KM-banner9.jpg
KM-banner8.jpg
KM-banner7.jpg
Shadow

༧སྐྱབས་རྗེ་མི་འགྱུར་རིན་པོ་ཆེའི་སྒོམ་ཁྲིད། ཆོས་ཐུན་གསུམ་པ།

 

བཀའ་བརྒྱུད་སྨོན་ལམ་ཆེན་མོའི་སྔོན་འགྲོའི་གསུང་ཆོས་ཉིན་དང་པོའི་ཆོས་ཐུན་གསུམ་པ།
སྨོན་ལམ་ཆོས་རར་སྤོས་སྣེས་ཕེབས་བསུ་བཅས་༸སྐྱབས་རྗེ་ཡོངས་དགེ་མི་འགྱུར་རིན་པོ་ཆེ་བཞུགས་ཁྲིར་བཞུགས་ཤིང་ཆོས་ཐུན་གྱི་སྔོན་འགྲོའི་ཞལ་འདོན་གྲུབ་རྗེས་རིན་པོ་མཆོག་ནས་འཚམས་འདྲི་མཛད་པ་དང་སྦྲགས་སྔ་དྲོ་གསུང་ཆོས་སྐབས་ནང་སྦྱོང་སྩལ་བའི་སྐོར་ལ་བཀའ་འདྲི་གནང་། དེ་བཞིན་ལྟ་སྒོམ་སྤྱོད་གསུམ་ཡ་མ་བྲལ་བ་ཞིག་གནང་དགོས་ཤིང་། དེ་ཡང་ལྟ་བ་ཞེས་པ་ནི་གཞི་དངོས་པོའི་གནས་ལུགས་དེ་ཡིན་ཞིང་། སྒོམ་ནི་རང་ཉིད་ཀྱིས་གང་ཞིག་ལ་གོམས་པར་བྱེད་པ་དེ་ཡིན། སྤྱོད་པ་དེའི་བླང་དོར་མ་འཁྲུལ་བ་གནང་རྒྱུ་དེ་ཡིན་པའི་སྐོར་ཞིབ་གསལ་བཀའ་ཕེབས། དེ་རྗེས་སྒོམ་བསྐྱོན་རྒྱུ་དང་བགྲོ་གླེང་གནང་རྒྱུ་གཉིས་གང་ཞིག་ལེགས་མིན་ཆོས་ཞུ་བ་ཡོངས་ལ་བཀའ་དྲི་མཛད་ཅིང་དམངས་ནས་བགྲོ་གླེང་བྱ་རྒྱུར་འདོད་མོས་ཆེ་བར་བརྟེན་ཆོས་ཞུ་བ་རྣམས་ལ་སྐར་མ་ལྔའི་རིང་ནང་ཕན་ཚུན་བགྲོ་གླེང་གནང་བཅུག སྔ་ཐུན་ལྟར་བགྲོ་གླེང་གནང་བའི་གྲུབ་འབྲས་གང་ཞིག་བྱུང་བ་སྐྱ་སེར་དབྱེར་མེད་ཀྱི་དམངས་ནས་གོ་རྟོགས་སྤེལ་རེས་ཀྱི་གོ་སྐབས་སྐར་མ་ལྔའི་རིང་གནང་། དམངས་ནས་ཀྱང་དྲན་པ་དང་འབྲེལ་བའི་གནད་དོན་སྐོར་ལ་བསམ་ཚུལ་དང་བཀའ་འདྲི་ཞུ་མཁན་ཧ་ཅང་མང་པོ་བྱུང་། དྲན་པའི་སྐོར་ནས་གསུང་སྐབས་གཙོ་བོར་དྲན་པ་དེ་ང་ཚོར་རྒྱུན་དུ་ཡོད་ཀྱང་དྲན་པ་དེ་ངོས་ཟིན་མེད། དཔེར་ན་སེམས་ཀྱི་རང་བཞིན་འོད་གསལ་བ་དེ་ང་ཚོར་ཡོད་ཀྱང་ང་ཚོས་ཧ་གོ་མ་ཐུབ་པ་བཞིན་རེད། དེ་ལྟར་ངོས་མ་ཟིན་པའི་རྒྱུ་མཚན་ལ་བརྟེན་ནས་སེམས་ཤིན་སྦྱངས་ཐོབ་ཐུབ་མེད་ཅིང། དེ་ཡང་དཔེ་དང་སྦྱར་ནས་གསུངས་ཤིང་དཔེར་ན་འཛམ་བུ་གླིང་གི་ཆུ་ཚོད་ཨང་དང་པོ་ཞིག་ཁྱེད་རང་ལ་ཡོད་ན་ཡང་ཁྱེད་རང་གིས་དེ་ཆུ་ཚོད་ཡིན་པ་ཧ་མ་གོ་ནས་འདི་ལག་གདུབ་ཅིག་ཡིན་རྒྱུ་རེད་སྙམ་ནས་འཛིན་བསྡད་པ་ཡིན་ན་ཆུ་ཚོད་ཆུ་ཚོད་ཡིན་པ་ཧ་མ་གོ་བ་དེ་བཞིན་དྲན་པ་རང་གིས་རང་ངོ་མ་ཤེས་པ་རེད། དེ་བཞིན་རྒྱུད་བླ་མ་ལས་རྒྱུ་བདེ་བར་གཤེགས་པའི་སྙིང་པོ་དཔེ་དགུས་བསྟན་ཡོད་ཀྱང་དེ་ལྟར་ངོ་མ་ཤེས་ན། དཔེར་ན་ཁྱིམ་ཚང་ཞིག་དབུལ་པོར་གྱུར་ཅིང་སློབ་གྲྭར་བཏང་མ་ཐུབ་ནས་ས་ཆ་དང་ཁང་ཞིང་ཆ་ཚང་བཙོངས་ཤིང་གནས་གཞན་དུ་སྤོས། མི་གཞན་ཞིག་གིས་ཁང་མལ་ནས་ས་བརྐོས་པས་ལོ་མང་པོར་སོང་བའི་རིན་པོ་ཆེའི་རིགས་མང་པོ་རྙེད་དེ་སྔར་དབུལ་པོའི་ཁང་ས་ཉོ་མཁན་དེ་ཕྱུག་པོར་གྱུར་པ་རེད། སྔར་དབུལ་པོ་དེས་དེ་མ་ཤེས་ནས་དབུལ་པོར་གྱུར་པ་བཞིན་ང་ཚོས་དྲན་པ་ངོ་མ་ཤེས་ན་དེ་ལྟར་འགྱུར། དེ་བཞིན་དྲན་པ་ངོས་མ་ཟིན་ནས་སེམས་ཀྱི་ངོ་བོ་མ་མཐོང་། མ་རིག་པ་ངོས་མ་ཟིན་ན་སྤོང་མི་ཐུབ་ཅིང་དཔེར་ན་སྲིན་བུའི་ཁ་ཆུ་ཡིས་སྲིན་བུ་ཁོ་རང་འཆིང་བ་བཞིན་རེད། དེ་བཞིན་ཆོས་ཞུ་བ་ཡོངས་ལ་བཀའ་འདྲི་ཁག་གསུམ་གནང་ཞིང་དང་པོར་དྲན་པ་ངོས་ཟིན་སོང་སེམས་མཁན་ཡོད་དམ། གཉིས་པ་དྲན་པ་ངོས་ཟིན་མ་སོང་བསམ་པ་ཡོད་དམ། གསུམ་པ་དྲན་པ་ངོས་ཟིན་མ་ཟིན་ཐེ་ཚོམ་དུ་གྱུར་པ་ཡོད་དམ་གསུངས་ནས་བཀའ་འདྲི་ཁག་གསུམ་གནང་། དྲི་བ་དེ་དག་ལས་སླ་པོ་རེད་ལན་གང་བཏབ་ཀྱང་འཐུས་པ་རེད། དྲན་པ་ངོས་ཟིན་སོང་བསམ་ན་ཡང་སྒོམ་རེད་འགྲིག་གི་རེད། ངོས་ཟིན་མ་སོང་བསམ་ན་ཡང་སྒོམ་རེད་འགྲིག་པ་རེད། དྲན་པ་ངོས་ཟིན་ལ་མ་ཟིན་གང་བསམ་པ་ཡིན་ན་ཡང་སྒོམ་རེད་འགྲིག་པ་རེད། ཅེས་དང་། སྤྱིར་བཏང་འགའ་ཞིག་གིས་ལུས་དྲན་པ་ཉེར་གཞག་པ་གཙོར་བྱེད། འགའ་ཞིག་གིས་ཚོར་བ་ཉེ་བར་གཞག་པ་གཙོར་བྱེད་མཁན་ཡོད་རེད་དེ་ངས་སེམས་དྲན་པ་ཉེ་བར་གཞག་པ་རྩལ་དུ་འདོན་ནས་བཤད་དགོས་དོན་ནི་སེམས་དྲན་པས་ཟིན་དགོས་པའི་རྒྱུ་མཚན་གྱིས་ཡིན། དེ་བཞིན་དམངས་ལ་མི་རྟག་པ་དང་འབྲེལ་བའི་སྒོམ་བསྐྱོན་ནམ་ཡང་ན་དབུགས་དང་འབྲེལ་བའི་སྒོམ་བསྐྱོན་གང་ཞིག་མོས་པ་ཡོད་ཅེས་གདམ་ག་གནང་རྗེས་མི་རྟག་པ་དང་འབྲེལ་བའི་སྒོམ་ཁྲིད་སྩལ། སྤྱིར་བཏང་གི་མི་རྟག་པ་ཡིན་པའི་རྒྱུ་མཚན་ལ་བརྟེན་ནས་འདས་མ་འོངས་ད་ལྟ་དུས་གསུམ་གྲུབ་ཀྱི་མེད་ཚུལ་དང་། སྤྱིར་ད་ལོའི་ལོ་འདི་དང་ཟླ་ཚེས་འདི། ཞག་འདི་དང་། དེ་རིང་གི་ཉི་མ་འདི། དེ་རིང་གི་ཉི་མ་འདི་ལས་ཀྱང་ད་ལྟ་ཕྱི་དྲོའི་ཆུ་ཚོད་གཉིས་པ་གྲུབ་ཀྱི་ཡོད་མེད་དང་། དེ་བཞིན་སྐར་ཆ་རེ་རེ་ནས་མི་རྟག་ཅིང་འགྱུར་འགྲོ་བ་ལས་རྟག་བརྟན་མེད་ཅིང་། དེར་ལྟོས་ཀྱི་གང་ཡང་གྲུབ་ཀྱི་མེད་ཚུལ་ངོ་སྤྲོད་གནང་ཞིང་སྒོམ་བསྐྱོན་རྗེས་དེ་རིང་གི་ཆོས་ཐུན་དེར་མཚམས་འཇོག་རྒྱུ་མཛད། མཐར་དེ་རིང་ང་ཚོས་མཉམ་དུ་ཆོས་འཆད་ཉན་གང་བགྱིས་པ་དེ་དག་ཐམས་ཅད་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཇི་ལྟར་བསྔོས་པ་བཞིན་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་གནས་སྐབས་དང་མཐར་ཐུག་བདེ་བ་ཐོབ་ཆེད་བསྔོ་རྒྱུ་ཡིན་སྙམ་པའི་ཐོག་ནས་ཕྱག་ཐལ་མོ་སྦྱར་ཏེ་བསྔོ་བ་སྨོན་ལམ་མཉམ་དུ་གནང་རོགས། ཞེས་ཕྱི་དྲོའི་སྒོམ་ཐུན་གྲོལ་མཇུག་བཀའ་བརྒྱུུད་སྨོན་ལམ་བྱང་འདྲེན་ཆེན་མོས་ཞལ་འདོན་སྒྲོལ་མ་གསུང་འདོན་གནང་ངོ་། །

ལྷ་ཐོག་ཐུབ་སྦྱིན་ནས།

20200128PM_Teaching on Meditation