KM-banner1.jpg
KM-banner10.jpg
KM-banner11.jpg
KM-banner12.jpg
KM-banner13.jpg
KM-banner14.jpg
KM-banner15.jpg
KM-banner16.jpg
KM-banner25.jpg
KM-banner24.jpg
KM-banner23.jpg
KM-banner22.jpg
KM-banner21.jpg
KM-banner20.jpg
KM-banner2.jpg
KM-banner19.jpg
KM-banner17.jpg
KM-banner18.jpg
KM-banner26.jpg
KM-banner27.jpg
KM-banner28.jpg
KM-banner29.jpg
KM-banner3.jpg
KM-banner30.jpg
KM-banner31.jpg
KM-banner4.jpg
KM-banner5.jpg
KM-banner6.jpg
KM-banner9.jpg
KM-banner8.jpg
KM-banner7.jpg
Shadow

དཔལ་༸རྒྱལ་དབང་ཀརྨ་པ་མཆོག་རིན་མེད་སྨན་བཅོས་ཁང་དུ་ཆིབས་སྒྱུར་བསྐྱངས་པ།

དཔལ་༸རྒྱལ་དབང་ཀརྨ་པ་མཆོག་ས་གནས་ Sujata Guest House གྱི་ཉེ་འདབས་སུ་མཆིས་པའི་བཀའ་བརྒྱུད་སྨོན་ལམ་ཚོགས་པས་གོ་སྒྲིག་བགྱིས་པའི་རིན་མེད་འཕྲོད་བསྟེན་སྨན་ཁང་དུ་གཟིགས་ཞིབ་ཕྱིར་ཆིབས་སྒྱུར་བསྐྱངས། འཕྲོད་བསྟེན་ཁང་དེ་ཉིད་ཕྱི་ལོ་ ༢༠༡༧ ཟླ་བ་ ༢ ཚེས་ ༡༤ ནས་ ༡༦ བར་ཉིན་གསུམ་གྱི་རིང་ས་གནས་ཡུལ་མི་ཉམས་ཐག་ཀུན་ལ་རིན་མེད་སྨན་སྦྱིན་གནང་རྒྱུ་ཡིན་འདུགདེར་ཁང་པའི་ཕྱི་ལོགས་སྒོ་མཆོར་འོག་ཏུ་ནད་མནར་བ་རྣམས་ཐོ་འགོད་གྲུབ་རྟིང་ནང་ལ་རེ་རེ་བཞིན་བཏང་ནས་སྒོའི་ཡར་འགྲམ་དེར་གཟུགས་པོའི་ལྗིད་ཚད་དང་རིང་ཐུང་དཔྱད་རྗེས་སྨན་པར་བསྟེན་དགོས་འདུགསྒོ་ཤོད་ནང་དུ་སྨན་པ་བཞི་ཡིས་ནད་པར་བརྟག་དཔྱད་བྱེད་བཞིན་འདུག །ཁང་མིག་102/103/104/གསུམ་གྱི་དང་པོའི་ནང་དུ་སྨན་པ་གཉིས་དང་། ཕྱི་མ་གཉིས་ཀྱི་ནང་དུ་སྨན་པ་གསུམ་རེས་ནད་མནར་བ་དེར་འདུས་ཀུན་ལ་རེ་རེ་བཞིན་བརྟག་བཞིན་འདུགསྨན་གཡོག་སྲི་ཞུ་བ་རྒྱ་གར་དང་བོད་པ་ཅི་རིགས་འདུག༸རྒྱལ་དབང་མཆོག་མ་ཕེབས་པའི་སྔོན་དུ་གོ་སྒྲིག་པ་ལྷག་པ་ཚེ་རིང་ནས་གསར་འགོད་གསལ་བསྒྲགས་ཞིག་ཀྱང་གནང་སོང་།ཆུ་ཚོད་11:30ཕྱེད་ཐོག་དཔལ་༸རྒྱལ་དབང་ཀརྨ་པ་མཆོག་སྨན་ཁང་དུ་ཞབས་སོར་འཁོད་རྗེས་རྒྱ་གར་གྱི་་མེཀ་སི་སྨན་ཁང་ཆེན་མོའི་འགན་འཛིན་MohiniDaljeetSingh མོ་ཧི་ནི་དྷལ་རྗིད་སིང་གཙོས་པས་གོ་སྒྲིག་པ་རྣམས་ནས་མཇལ་དར་ཕུལ་བ་དང་བཅས་སྨན་ཁང་དུ་ཕེབས་བསུ་ཞུས།མོ་ཧི་ནི་དྷལ་་ཇིད་སིང་དང་ལྷག་པ་ཚེ་རིང་གཉིས་ནས་ངོ་སྤྲོད་ཞུས་ཞོར་༸རྒྱལ་དབང་མཆོག་ནས་སྨན་སྤྲོད་ཁང་དང་བརྟག་དཔྱད་ཁང་ཡོངས་ལ་ཕེབས་ནས་གཟིགས་ཞིབ་ལེགས་པར་མཛད།གཟིགས་ཞིབ་གྲུབ་རྗེས་དེའི་མདུན་ཐད་ཀྱི་༼ཨ་ཀོང་རིན་པོ་ཆེའི་རྗེས་དྲན་ཟས་སྦྱིན་ཁང་༽དུ་ཕེབས་སོང་།གསོལ་ཚིགས་མཆོད་ཡུལ་སྦུག་གི་སྟོན་པའི་སྐུ་བརྙན་སྐུ་མདུན་དུ་མཇལ་དར་ཕུལ་ཟིན་རྗེས་ཐབ་ཚང་དུ་ཕེབས་ཏེ་སྔོ་ཚལ་དང་སྣོད་ཆས་སོགས་ལ་གཟིགས་ཞིབ་གནང་ཞིང་ཚོགས་མི་ཡོངས་དང་ལྷན་དུ་སྐུ་པར་བསྒྲོན་རྗེས་རོ་ཡལ་གསོལ་མགྲོན་ཁང་དུ་སྦྱིན་བདག་རྣམས་ནས་གུང་ཚིགས་ཕྱིར་གདན་ཞུས་བཞིན་ཆིབས་བསྒྱུར་བསྐྱངས་པའི་གནས་ཚུལ་སྙིང་བསྡུས་སུ།
ཐུབ་བསྟན་སྦྱིན་པ་ནས།

20170214AM_HHGK visits Medical Camp