KM-banner1.jpg
KM-banner10.jpg
KM-banner11.jpg
KM-banner12.jpg
KM-banner13.jpg
KM-banner14.jpg
KM-banner15.jpg
KM-banner16.jpg
KM-banner25.jpg
KM-banner24.jpg
KM-banner23.jpg
KM-banner22.jpg
KM-banner21.jpg
KM-banner20.jpg
KM-banner2.jpg
KM-banner19.jpg
KM-banner17.jpg
KM-banner18.jpg
KM-banner26.jpg
KM-banner27.jpg
KM-banner28.jpg
KM-banner29.jpg
KM-banner3.jpg
KM-banner30.jpg
KM-banner31.jpg
KM-banner4.jpg
KM-banner5.jpg
KM-banner6.jpg
KM-banner9.jpg
KM-banner8.jpg
KM-banner7.jpg
Shadow

དགེ་ཚུལ་སློང་རྣམས་ཀྱི་སྤྱོད་ལམ་རྒྱུགས་སྤྲོད་ཀྱི་སྐོོར།

ཕྱི་ལོ་ ༢༠༡༩ ཟླ་བ་ ༡ པའི་ཚེས་ ༩ ནས་ ༡༡ བར་ཉིན་གསུམ་རིང་། ཕྱི་དྲོ་ཕྱག་ཚོད་བདུན་དང་ཕྱེད་ཐོག་ཡོངས་དགེ་གཏེར་སྒར་དགོན་གྱི་འདུ་ཁང་ནང་སྔ་ལོ་བཞིན་བཀའ་བརྒྱུད་སྨོན་ལམ་ཐེངས་སོ་དྲུག་པའི་སྐབས་ཕེབས་པའི་རྒྱ་བལ་འབྲུག་གསུམ་གྱི་དགེ་བཙུན་རྣམས་ཀྱི་སྔོན་འགྲོའི་སྤྱོད་ལམ་རྒྱུགས་བཞེས་སླད། གཟུ་དཔང་མཛད་པོ་གདན་ས་རུམ་བཏེག་བཤད་གྲྭའི་མཁན་པོ་སྐལ་བཟང་ཉི་མ་དང་། གདན་ས་དཔལ་སྤུངས་ཤེས་རབ་གླིང་གི་མཁན་པོ་ཐུབ་བསྟན་ཀརྨ། གདན་ས་རིག་པའི་རྡོ་རྗེའི་གཙུག་ལག་སློབ་གཉེར་ཁང་གི་མཁན་པོ་ནོར་བུ་རྒྱལ་མཚན། བན་ཆེན་ཚང་གི་མཁན་པོ་བསོད་ནམས་འགྱུར་མེད། ཁྲ་འགུ་དགོན་གྱི་མཁན་པོ་དགེ་སློང་ཚེ་རིང་བཅས་རྣམ་པ་ལྔའི་གཟིགས་སྐྱོང་འོག་རྒྱན་བབས་ཀྱི་རིམ་པ་བཞིན་ཐོག་མར།

༡) ཟུར་མང་བཤད་སྒྲུབ་ཆོས་འཁོར་གླིང་། ༢) ཕུལླ་ཧ་རི། ༣) བཙུན་དགོན་བསམ་གཏན་གླིང་། ༤) བན་ཆེན་དགོན། ༥) དཔལ་སྤུངས་ཤེས་རབ་གླིང་། ༦) ཁྲ་འགུ་བཙུན་དགོན། ༧) བསོད་ནམས་དར་དགོན། ༨) དཔལ་སྤུངས་ཡེ་ཤེས་རབ་རྒྱས་གླིང་། ༩) འབོ་དཀར་བཙུན་དགོན། ༡༠) སྐྱེ་དགུའི་བདག་མོ་གླིང། ༡༡) འབོ་དཀར་དགོན། ༡༢) ཐེག་ཆེན་ལེགས་བཤད་གླིང། ༡༣) ཀརྨ་ལེགས་བཤད་གླིང་། ༡༤) གཏེར་སྒར་འོད་གསལ་གླིང་། ༡༥) རུམ་བཏེག་དགོན། ༡༦) ཟླ་བཟང་དགོན། ༡༧) སྒྲུབ་སྡེ་དཔལ་མོ་ཆོས་ཀྱི་ལྡིང་ཁང་། ༡༨) དཔལ་ངེས་གླིང་། ༡༩) ཆགས་མེད་དགོན། ༢༠) ཁྲ་འགུ་དགོན། ༢༡) བསམ་གཏན་གླིང་། ༢༢) དཔལ་ཆེན་ཆོས་གླིང་། ༢༣) ཏི་ལོག་པུར། ༢༤) སྒྲུབ་ཆེན་ཆོས་གླིང་། ༢༥) རི་པ་བག་ཡོད་དགོན། ༢༦) འོད་གསལ་ཀརྨ་ཐེག་མཆོག་གླིང་བཅས། འདི་ལོར་སྤྱོད་ལམ་རྒྱུགས་བཞེས་ལ་ཕེབས་མཁན་དགོན་སྡེ་ཁག་ཉི་ཤུ་རྩ་དྲུག་པོ་རྣམས་མཚན་མོ་ཆུ་ཚོད་བདུན་པ་ནས་བཅུ་གཅིག་བར་སྤྱོད་ལམ་རྒྱུགས་བཞེས་བསྐྱངས།

དེ་ཡང་སྡེ་ཚན་རྣམ་པ་ལྔའི་སྒོ་ནས་རྒྱུགས་བཞེས་མཛད་དེ་། སྡེ་ཚན་ལྔ་ནི་ཐོག་མར་ན་བཟའ་མནབ་ཚུལ། གཉིས་པར་ཕྱག་འཚལ་ཚུལ། གསུམ་པར་འགྲོ་འདུག་གཉིས། བཞི་པར་ན་བཟའ་ལྟེབ་ཚུལ། ལྔ་པར་གྲངས་དང་དུས་ཏེ་རྣམ་པ་ལྔའི་སྒོ་ནས་རེ་རེ་བཞིན་གོང་གསལ་དགོན་ཁག་རྣམས་ཀྱི་རྒྱུགས་བཞེས་མཛད་དེ། ཐོག་མར་དགེ་སློང་རྣམས་ཀྱི་ཆོས་གོས་རྣམ་གསུམ་མནབ་ཚུལ་དང་ལྟེབ་ཚུལ། གདིང་བ་ཁ་སྒྱུར་ཚུལ། སྐུ་ཕྱག་འབུལ་ཚུལ། གསོལ་ཚིགས་བཞེས་ཚུལ། ཚོགས་སུ་ཕེབས་བཞུགས་མཛད་ཚུལ། དབུ་ཞྭ་མནབ་ཚུལ། རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་ཆོས་སྐོར་དུ་གདན་འདྲེན་སྐབས་གོམ་སྟབས་ཇི་ལྟར་འདོར་ཚུལ་བཅས་ཀྱི་སྤྱོད་ལམ་རྒྱུགས་བཞེས་ཡོངས་རྫོགས་རིམ་བཞིན་བཞེས། དེ་བཞིན་དགེ་སློང་རྣམས་ཀྱི་རྒྱུགས་བཞེས་གྲུབ་མཚམས་དགེ་ཚུལ་རྣམས་ཀྱི་སྤྱོད་ལམ་ཡང་དེ་དེ་བཞིན་དུ་རེ་རེ་བཞིན་རྒྱུགས་བཞེས་མཛད། དེ་ཡང་དུས་ཡུན་མགྱོགས་བུལ་གྱི་ཚད་གཞི་ཆུ་ཚོད་ཀྱི་དུས་བཀག་ཐོག་གྲ་སྒྲིག་གང་ལེགས་དང་ཚགས་ཚུད་ཚད་ལྡན་རྣམས་ལ་བཀའ་བརྒྱུད་སྨོན་ལམ་སྐབས་སོ་བདུན་པའི་ཉིན་མཐའ་མར་བྱ་དགའ་གསོལ་རས་སྩལ་རྒྱུའི་གཏན་འབེབས་མཛད་པ་ལྟར་སྩལ་རྒྱུ་ཡིན་པ་བཅས་ཀྱི་གནས་ཚུལ་དུ། བསྟན་འཛིན་རྣམ་རྒྱལ་ནས།