KM-banner1.jpg
KM-banner10.jpg
KM-banner11.jpg
KM-banner12.jpg
KM-banner13.jpg
KM-banner14.jpg
KM-banner15.jpg
KM-banner16.jpg
KM-banner25.jpg
KM-banner24.jpg
KM-banner23.jpg
KM-banner22.jpg
KM-banner21.jpg
KM-banner20.jpg
KM-banner2.jpg
KM-banner19.jpg
KM-banner17.jpg
KM-banner18.jpg
KM-banner26.jpg
KM-banner27.jpg
KM-banner28.jpg
KM-banner29.jpg
KM-banner3.jpg
KM-banner30.jpg
KM-banner31.jpg
KM-banner4.jpg
KM-banner5.jpg
KM-banner6.jpg
KM-banner9.jpg
KM-banner8.jpg
KM-banner7.jpg
Shadow

སངྒྷ་རཱ་མའི་སྐོར།

ཕྱི་ལོ་ ༢༠༡༧ ཟླ་བ་ ༣ ཚེས་ ༡ རབ་བྱུང་བཅུ་བདུན་པའི་མེ་བྱ་མཆུ་ཟླའི་ཐབས་ཕྱོགས་བཟང་དང་པོའི་ཉིན་ཕྱི་དྲོ་དུས་ཚོད་བདུན་དང་ཕྱེད་ཐོག་དཔལ་༸རྒྱལ་དབང་ཀརྨ་པ་མཆོག་བཞུགས་གནས་གཏེར་སྒར་དགོན་ནས་སྨོན་ལམ་གསུང་ཆོས་ར་བར་ཞབས་སོར་འཁོད་དེ་ཞབས་སྟེགས་ཁག་གཉིས་བསྒྲོན་པའི་གཡས་ཕྱོགས་སུ་བཞུགས་ཤིང་། གཡོན་ཕྱོགས་སུ་ཧོང་ཀོང་ནས་ཕེབས་པའི་རྒྱའི་བླ་ཆེན་དེ་ཉིད་བཞུགས་ རྟིང་གཙུག་ལག་དང་ཆོས་འཁོར་གྱི་སྲུང་མ་བཀྭན་ལའོ་ཡེ་ཞེས་པའམ་སངྒྷ་རཱ་མའི་གསོལ་མཆོད་བྱ་ཚུལ་ཐུན་མོང་མ་ཡིན་པ་ལྷ་གླིང་གི་ཅོང་སྒྲ་ཞེས་པ་དེ་བཞིན་མགོན་པོ་མཆོག་དང་རྒྱའི་བླ་མ་ཧོང་ཀོང་ནས་ཆེད་ཕེབས་རྣམ་གཉིས་ཀྱི་དབུས་པའི་རྒྱའི་གྲྭ་བཙུན་རྣམས་དང་། དེ་བཞིན་འབྲུག་གི་སྒྲུབ་སྡེ་ཡིད་འོང་དཔལ་མོ་ཆོས་ཀྱི་ལྡིང་ཁང་གི་བཙུན་མ་རྣམས་དང་ཁྲ་འགུ་ཏཱ་རཱ་ཨ་བྷ་ཡའི་བཙུན་མ་ཐུན་མོང་ནས་ནས་རྔ་དང་རོལ་མོ། སིལ་སྙན་ཏིང་ཤགས་དང་བཅས་པས་པའི་སྒོ་ནས་གསོལ་མཆོད་ཤིན་ཏུ་སྙན་ཅིང་འཇེབས་པའི་སྒོ་ནས་གདངས་དབྱངས་སུ་གྱེར། གཞན་ཡང་བཀའ་བརྒྱུད་སྨོན་ལམ་གསུང་ཆོས་ར་བར་བླ་སྤྲུལ་རྣམ་པ། མཁན་པོ་དང་སྒྲུབ་བླ་རྣམ་པ། དགེ་ཚུལ་སློང་གི་རབ་བྱུང་དང་བཙུན་མའི་འདུས་སྡེ། རྒྱལ་ཁབ་དུ་མ་ནས་ཕེབས་པའི་ཕྱི་ནང་དད་ལྡན་མི་རིགས་སྣ་ཚོགས་འདུས།

བདག་ཅག་རྣམས་ཀྱི་འདྲེན་མཆོག་དམ་པ་ཁྱབ་བདག་འཁོར་ལོའི་མགོན་པོ་ཀརྨ་པ་སྐུ་ཕྲེང་གཉིས་པ་གྲུབ་ཆེན་པཀྵི་ནས་བཟུང་སྐུ་ཕྲེང་ལྔ་པ་དེ་བཞིན་གཤེགས་པ་རིན་པོ་ཆེ་ཆོས་ཀྱི་རྒྱལ་པོའི་བར། རྒྱ་ཧོར་གྱི་གོང་མ་རྣམས་ཀྱི་དབུ་བླ་མཛད་ནས་དམ་པའི་ཆོས་ཀྱི་འཁོར་ལོ་བསྐོར། རྫུ་འཕྲུལ་གྱི་བཀོད་པ་ངོ་མཚར་ཅན་དཔག་མེད་མཐོང་ཆོས་སུ་བསྟན་པས། མངའ་རིས་ཀྱི་རྒྱལ་ཁམས་དག་ལ་དཀར་ཆོས་ཀྱི་མཛད་འཕྲིན་དཔེ་མེད་བྱུང་བས་དཔུང་དང་གྲོགས་དན་གྱི་ཚུལ་དུ་བཀུར་བར་གྲགས་པ། ཙི་ནའི་ཡུལ་གྱི་བསྟན་སྲིད་ཐུན་མོང་བའི་ཆོས་སྐྱོང་བཀྭན་ལའོ་ཡེ་ཞེས། ལོ་ལྟར་གནམ་ལོ་གསར་ཚེས་ཀྱི་ཚེས་གཉིས་ཉིན་རྗེ་ཀརྨ་པ་དབུ་བཞུགས་ཐོག་རྒྱགས་བརྔན་གསོལ་མཆོད་ཟབ་སྨིན་ཐེངས་རེ་གནང་སྟེ། རྒྱ་བོད་ཡུལ་གྲུ་ཀུན་ཏུ་སངས་རྒྱས་ཀྱི་བསྟན་པ་སྲུངས། མཆོད་ཡོན་གྱི་སྐུ་ཚེ་སྲིངས། འགྲོ་བ་རྣམས་བདེ་སྐྱིད་ལ་འཚོ་བའི་འཕྲིན་ལས་གཡེལ་བ་མེད་པར་སྒྲུབ་དགོས་པའི་བཀའ་བསྒོས་དང་བསྔོ་སྨོན་རྒྱས་འདེབས་བཅས་གནང་སྲོལ་ཡོད།

༸རྒྱལ་དབང་བཅུ་བདུན་པ་མཆོག་བོད་ནས་ཕེབས་སྐབས་ཉེ་གནས་འགའ་ཞིག་ནས་སྔར་ལུགས་ལྟར་སྐྱོང་དགོས་ཚུལ་སྙན་གསེང་ཞུས་པས། ༸རྒྱལ་དབང་མཆོག་ནས་གསོལ་མཆོད་གསར་པ་ཞིག་མཛད་དེ་ཉིད་འདོན་སྐབས་སྒོའི་ཕྱིར་འདོན་པ་ཙམ་ལས་ལྷ་ཁང་ནང་དུ་འདོན་སྲོལ་མེད། འདོན་མཁན་ཡང་སྔར་༸རྒྱལ་དབང་མཆོག་གིས་དབུས་པས་རྩེ་གསོལ་ཐབ་པའམ་སྐུ་མདུན་པ་འགས་འདོན་པ་ལས་གཞན་ནས་མི་འདོན། དེ་ཉིད་ཀྱི་དབུ་མཛད་ཀྱང་སྔར་ལུགས་ལྟར་ན་བླ་བྲང་གི་ཕྱག་མཛོད་ནས་བགྱིད་དགོས་ཚུལ་གྱི་གཏམ་རྒྱུན་ཡོད། མཆོད་པ་གཤོམ་ཚུལ་ཡང་རྒྱ་ནག་གི་ལུགས་ཏེ་རྒྱ་ཇ་ལྡུགས་པ་དང་། བཏུང་བ་གྱ་ནོམ་པའི་གསེར་སྐྱེམས། རྒྱའི་སྤོས་བདུག །དེ་བཞིན་ཤོག་སྦག་ཀྱང་མང་དུ་སྤར་སྲོལ་ཡོད།         བསྟན་འཛིན་རྣམ་རྒྱལ་ནས།

20170301PM_Sangharama Ritual