KM-banner1.jpg
KM-banner10.jpg
KM-banner11.jpg
KM-banner12.jpg
KM-banner13.jpg
KM-banner14.jpg
KM-banner15.jpg
KM-banner16.jpg
KM-banner25.jpg
KM-banner24.jpg
KM-banner23.jpg
KM-banner22.jpg
KM-banner21.jpg
KM-banner20.jpg
KM-banner2.jpg
KM-banner19.jpg
KM-banner17.jpg
KM-banner18.jpg
KM-banner26.jpg
KM-banner27.jpg
KM-banner28.jpg
KM-banner29.jpg
KM-banner3.jpg
KM-banner30.jpg
KM-banner31.jpg
KM-banner4.jpg
KM-banner5.jpg
KM-banner6.jpg
KM-banner9.jpg
KM-banner8.jpg
KM-banner7.jpg
Shadow

དཔལ་༸རྒྱལ་དབང་ཀརྨ་པ་མཆོག་དང་སྐྱབས་རྗེ་རྒྱལ་ཚབ་རིན་པོ་ཆེ་རྣམ་གཉིས་མཆོད་རྟེན་རིན་པོ་ཆེར་ཆིབས་སྒྱུར་བསྐྱངས་པ།

ཕྱི་ལོ་ ༢༠༡༧ ཟླ་ ༢ ཚེས་ ༡༩ བཀའ་བརྒྱུད་སྨོན་ལམ་ཐེངས་སོ་བཞི་པའི་ཉིན་མཐའ་མར། ཐ་ཡི་ལེཎྜ་ནས་གོ་སྒྲིག་བྱས་པའི་མཆོད་རྟེན་རིན་པོ་ཆེའི་གཙང་བཟོ་དང་ལྟ་སྐྱོང་ཚོགས་པས་དཔལ་༸རྒྱལ་དབང་ཀརྨ་པ་མཆོག་དང་། སྐྱབས་རྗེ་རྒྱལ་བའི་རྒྱལ་ཚབ་རིན་པོ་ཆེ་རྣམ་གཉིས་ལ། མཆོད་རྟེན་རིན་པོ་ཆེའི་གཙང་བཟོ་དང་ལྟ་སྐྱོང་ཚོགས་པ་འགོ་བཙུགས་མཛད་ནས་ལོ་ངོ་གསུམ་དུ་འཁོར་བའི་མཛད་སྒོ་ཆེན་མོར་ཕེབས་དགོས་པར་ཇི་ལྟར་གསོལ་བ་འདེབས་པ་བཞིན། ༸རྒྱལ་མཆོག་ཡབ་སྲས་རྣམ་གཉིས་དང་དགེ་འདུན་བཅུ་ཕྲག་འགའ་སྔ་དྲོ་ཆུ་ཚོད་བཅུ་པའི་ཐོག་བཞུགས་མཚེར་གཏེར་སྒར་དགོན་ནས་མཆོད་རྟེན་རིན་པོར་ཆིབས་སྒྱུར་བསྐྱངས། ཡབ་སྲས་རྣམ་གཉིས་མཆོད་རྟེན་རིན་པོ་ཆེའི་ནུབ་པྱོགས་སུ་གཞུང་ལམ་ནས་ཆིབས་འཕྲུལ་ལས་ཤོལ་རྟིང་ཐ་ཡི་ལེཎྜ་གྱི་ཚན་རིག་དང་འཕྲུལ་རིག་བློན་ཆེན་ ( Atchaka Sribunrunt )དང་། ཐ་ཡི་ལེཎྜ་རྒྱལ་ཁབ་རང་ནས་ཕེབས་པའི་གནས་བརྟན་སྡེ་པའི་དགེ་སློང་བཅུ་ཕྲག་ལས་བརྒལ་བ་རྣམས་དང་། དེ་བཞིན་ཚོགས་པ་དེའི་ཚོགས་མི་གནད་ཡོད་རྣམས་ཀྱིས་རྒྱལ་ཁབ་དེ་ཉིད་ཀྱི་ལམ་སྲོལ་བཞིན་མཛེས་ཤིང་ཡིད་དུ་འོང་བའི་མེེ་ཏོག་སྣ་ཚོགས་པ་མཆོད་པའི་སྒོ་ནས་ཤར་གྱི་རྒྱལ་སྒོ་ཆེན་པོ་ནས་བརྒྱུད་མཆོད་རྟེན་རིན་པོ་ཆེའི་ནང་གི་ལྷོ་ཕྱོགས། མཛད་སྒོ་ཆེན་པོ་དེའི་ས་གནས་གོ་སྒྲིག་བྱས་པ་དེར་རིམ་གྱིས་གདན་དྲངས་པར་མཛད། ཡབ་སྲས་རྣམ་གཉིས་ཞབས་པད་འཁོད་མ་ཐག་འདུས་པ་ཀུན་ལག་ཐལ་སྦྱར་དང་བཅས་ཡར་ལངས་ནས་དགའ་མགུ་ཆེན་པོས་རབ་ཏུ་གུས་ཤིང་བཏུད་པར་བྱས། དེ་ནས་ཚོགས་མི་ཞིག་གིས་དཔལ་༸རྒྱལ་དབང་ཀརྨ་པ་མཆོག་དང་སྐྱབས་རྗེ་རྒྱལ་བའི་རྒྱལ་ཚབ་ཆེན་པོ་རྣམ་གཉིས་ཕེབས་པ་ལ་དགའ་བསུ་དང་འབྲེལ་ཐུགས་རྗེ་ལེགས་འབུལ་གྱི་གཏམ་བཤད་མདོར་བསྡུས་ཞིག་བྱས།  དེ་རྗེས་ཐ་ཡི་ལེཎྜ་གྱི་ཚན་རིག་དང་འཕྲུལ་རིག་བློན་ཆེན་དེ་ཉིད་དང་ཚོགས་པ་དེ་ཉིད་ཀྱི་སྦྱིན་བདག་གནད་ཡོད་རྣམས་ནས་ཡབ་སྲས་རྣམ་གཉིས་ལ་བོད་ཀྱི་ལམ་ལུགས་བཞིན་ལག་ཏུ་བཀྲ་ཤིས་པའི་ལྷ་དར་ཐོགས་ནས་རིམ་བཞིན་མཇལ་ཁ་དང་བཅས་བྱིན་རླབས་ཞུས་ཏེ་ལྷན་ཅིག་ཏུ་སྐུ་པར་སྒྲོན། དེ་ནས་མཛད་སྒོའི་ས་གནས་དེའི་ལྷོ་ཕྱོགས་སུ་༸རྒྱལ་མཆོག་ཡབ་སྲས་རྣམ་གཉིས་དང་ཐ་ཡི་ལཎྜ་གྱི་ཚན་རིག་དང་འཕྲུལ་རིག་བློན་ཆེན་དབུས་ཚོགས་མི་གནད་ཡོད་རྣམས་དང་། བྱང་ཕྱོགས་སུ་གནས་བརྟན་སྡེ་པའི་དགེ་སློང་བཅུ་ཙམ་དང་། ནུབ་ཕྱོགས་སུ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པའམ་བོད་ཀྱི་དགེ་འདུན་པ་བཅུ་ལྷག་ནས་རང་རང་ལུགས་ཀྱི་ཞལ་འདོན་དབྱངས་རྟ་སྙན་མོས་དུས་ཡུན་སྐར་མ་བཙུ་ཙམ་ཞིག་འདོན་པར་མཛད། མཇུག་ཏུ་ཐ་ཡི་ལེཎྜ་གྱི་བློན་ཆེན་མཆོག་ནས་རྒྱལ་མཆོག་ཡབ་སྲས་རྣམ་གཉིས་ལ་སྟོན་པ་བཅོམ་ལྡན་འདས་ཀྱི་སྐུ་བརྙན་ཆུ་ཤེལ་ལས་གྲུབ་པ་སྤུས་ལེགས་རེ་དང་། ཚོགས་པ་དེའི་དྲན་རྟེན་མཚོན་བྱེད་དུ་བྱང་ཆུབ་ཤིང་གི་ལོ་འདབ་ཀྱི་རི་མོའི་རྟགས་ཅན་བརྙན་པར་ལེགས་པ་རེ་ཕུལ་བར་མཛད། དེ་ནས་༸རྒྱལ་དབང་མཆོག་དང་སྐྱབས་རྗེ་རིན་པོ་ཆེ་རྣམ་གཉིས་ནས་ཐ་ཡི་ལཎྜ་གྱི་ཆོས་རྒྱལ་ཞིང་གཤེགས་ ( Bhumibol  Adulyadej ) མཆོག་གི་སྣང་བརྙན་མདུན་དུ་མར་མེ་ཕུལ་ཞིང་ཐུགས་སྨོན་མཛད་ནས་སླར་བཞུགས་གནས་གཏེར་སྒར་དགོན་དུ་ཕྱིར་ཕེབས་མཛད་དོ།  །

ཀརྨ་ཚེ་རིང་ནས། 20170219AM_The third meal offerings to monastics by the Thai Royal temple in BodhGaya