KM-banner1.jpg
KM-banner10.jpg
KM-banner11.jpg
KM-banner12.jpg
KM-banner13.jpg
KM-banner14.jpg
KM-banner15.jpg
KM-banner16.jpg
KM-banner25.jpg
KM-banner24.jpg
KM-banner23.jpg
KM-banner22.jpg
KM-banner21.jpg
KM-banner20.jpg
KM-banner2.jpg
KM-banner19.jpg
KM-banner17.jpg
KM-banner18.jpg
KM-banner26.jpg
KM-banner27.jpg
KM-banner28.jpg
KM-banner29.jpg
KM-banner3.jpg
KM-banner30.jpg
KM-banner31.jpg
KM-banner4.jpg
KM-banner5.jpg
KM-banner6.jpg
KM-banner9.jpg
KM-banner8.jpg
KM-banner7.jpg
Shadow
ཨེ་ཤེ་ཡའི་སྨོན་ལམ་ཆེན་མོ།

ཨེ་ཤེ་ཡའི་སྨོན་ལམ་ཆེན་མོ།

 

སྒྲུབ་བརྒྱུད་བསྟན་པའི་གཙུག་རྒྱན་༧དཔལ་རྒྱལ་བའི་དབང་པོ་སངས་རྒྱས་ཀརྨ་པ་ཆེན་པོ་ཨོ་རྒྱན་འགྲོ་འདུལ་ཕྲིན་ལས་རྡོ་རྗེ་མཆོག་གི་ཐུགས་བསྐྱེད་མཛད་ཕྲིན་དང་། ལམ་སྟོན་བཀའ་སློབ་དགོངས་དོན་ཇི་བཞིན་ལོ་ལྟར་འཛམ་གླིང་ཤར་ནུབ་ཡུལ་གྲུ་དུ་མར་བཀའ་བརྒྱུད་སྨོན་ལམ་ཚོགས་གནང་བཞིན་པ་དེ་ལྟར་ཡང་། འདི་ལོར་ཏོག་དབྱིབས་ནད་ཡམས་རྐྱེན་པས་ས་གནས་སོ་སོར་ཚོགས་རྒྱུར་དཀའ་བར་སོང་། རྒྱལ་ཡོངས་བཀའ་བརྒྱུད་སྨོན་ལམ་ཆེན་མོའི་ལས་ཁུངས་ནས། འདི་ལོའི་ཤར་ཕྱོགས་ཨེ་ཤེ་ཡའི་སྨོན་ལམ་དེ་བཞིན་དུས་གཅིག་ཏུ་དད་ལྡན་སློབ་ཚོགས་རྣམས་སོ་སོའི་ཁྱིམ་སོགས་ནས་མཉམ་ཞུགས་སྟབས་བདེ་ཡོང་ཆེད། འབོ་དཀར་ངེས་དོན་ཆོས་འཁོར་གླིང་གི་གདན་སར་ཇི་ལྟར་རེ་བསྐུལ་ཞུས་པ་བཞིན། འབོ་དཀར་བཤད་གྲྭ་ནང་བསྟན་གཙུག་ལག་སློབ་གཉེར་ཁང་འོད་འབར་འཆི་མེད་གླིང་དུ་༧སྐྱབས་རྗེ་རྡོ་རྗེ་འཆང་འབོ་དཀར་མཆོག་སྤྲུལ་རིན་པོ་ཆེ་མཆོག་དང་། ༧སྐྱབས་རྗེ་མཁན་ཆེན་བློ་གྲོས་དོན་ཡོད་རིན་པོ་ཆེ་རྣམ་གཉིས་དབུ་བཞུགས་ཀྱིས། འབོ་དཀར་བཤད་སྒྲུབ་ཀྱི་སྡེ་ཁག་ནས་གྲྭ་བཙུན་བརྒྱད་བརྒྱ་ལ་ཉེ་བ་ཞིག་གིས། ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༣༠ ནས། ཟླ་ ༡༡ ཚེས་ ༡ བར། ཉིན་གསུམ་རིང་མཆོད་འབུལ་ཟབ་རྒྱས་དང་བཅས་ཚོགས་གནང་ཞིང་། ཉིན་མཐའ་མའི་ཉིན་དམིགས་བསལ་༧རྒྱལ་དབང་མཆོག་གི་སྐུའི་ཞབས་རིམ་དང་། ལྷག་པར་དེང་སྐབས་འཛམ་གླིང་གང་སར་ཏོག་དབྱིབས་ནད་ཡམས་ཀྱིས་སྐྱེ་བོ་ཀུན་ལུས་སེམས་དངས་སྐྲག་དང་དཀའ་སྡུག་སྣ་ཚོགས་མྱོང་བཞིན་པ་དེ་དག་མྱུར་དུ་ཞི་བའི་སླད་སྒྲོལ་མ་གསོག་སྒྲུབ་དང་འབྲེལ་༧སྐྱབས་རྗེ་འབོ་དཀར་རྡོ་རྗེ་འཆང་སྐུ་ཕྲེང་རིམ་བྱོན་གྱི་ཐུགས་དམ་རྟེན་གཙོ་རྗེ་བཙུན་འཕགས་མ་སྒྲོལ་མའི་སྐུ་བརྙན་མཇལ་ཁ་གནང་བ་སོགས་ཨེ་ཤེ་ཡའི་སྨོན་ལམ་ཆེན་མོ་སྦྱོར་དངོས་རྗེས་གསུམ་གྲ་རྒྱས་ཕུན་སུམ་ཚོགས་པའི་སྒོ་ནས་ཚོགས་གནང་བ་དྲྭ་ལམ་ནས་ཐད་བསྲིང་ཞུས་པར། སྐབས་དེར་རྒྱལ་ཁབ་དུ་མ་ནས་དད་ལྡན་སློབ་ཚོགས་སྟོང་ཕྲག་མང་པོ་དྲྭ་ལམ་བརྒྱུད་སྔ་ཕྱིར་མཉམ་ཞུགས་གནང་ཐུབ་པ་བྱུང་ཡོད་པ་རེད།

 

2020-November-KM-Asia-Day-1

 

2020-November-KM-Asia-Day-3

 

2020-November-KM-Asia-Hong-Kong

 

20202-November-KM-Asia-Singapore

 

2020-November-KM-Asia-Taiwan