KM-banner1.jpg
KM-banner10.jpg
KM-banner11.jpg
KM-banner12.jpg
KM-banner13.jpg
KM-banner14.jpg
KM-banner15.jpg
KM-banner16.jpg
KM-banner25.jpg
KM-banner24.jpg
KM-banner23.jpg
KM-banner22.jpg
KM-banner21.jpg
KM-banner20.jpg
KM-banner2.jpg
KM-banner19.jpg
KM-banner17.jpg
KM-banner18.jpg
KM-banner26.jpg
KM-banner27.jpg
KM-banner28.jpg
KM-banner29.jpg
KM-banner3.jpg
KM-banner30.jpg
KM-banner31.jpg
KM-banner4.jpg
KM-banner5.jpg
KM-banner6.jpg
KM-banner9.jpg
KM-banner8.jpg
KM-banner7.jpg
Shadow
བཀའ་འགྱུར་ཆོས་འཁོར་དང་དག་སྒྲོགས།

བཀའ་འགྱུར་ཆོས་འཁོར་དང་དག་སྒྲོགས།

རྒྱལ་བའི་གསུང་སྡེ་དགེ་བཀའ་འགྱུར་པོད་བརྒྱ་དང་བརྒྱད་ཡོད་པ་དགེ་སློང་རྣམས་ནས་རེ་རེ་བཞིན་ཕྲག་པར་བསྣམ་སྟེ་རྡོར་གདན་བྱང་ཆུབ་ མཆོད་རྟེན་ཆེན་པོར་ཆོས་འཁོར་ཕྱིར་དལ་གྱིས་གཤེགས་སྐབས་ལམ་ཟུར་དུ་སྒྲེང་བའི་དད་ལྡན་སྐྱ་སེར་ཕོ་མོ་ཀུན་ནས་སྲིད་ན་རིང་བའི་དར་ དཀར་དང་། བདུག་སྤོས་། མཆོད་རྫས་མེ་ཏོག་སོགས་ལག་ཏུ་ཐོགས་ཏེ་བསྙེན་བཀུར་བླ་མེད་དུ་སྟོབ་ཅིང་། དེ་བཞིན་བཀའ་བརྒྱུད་སྨོན་ལམ་ཆོས་རར་སྨོན་ལམ་ཚོགས་ཞུགས་སྐྱ་སེར་འདུས་པ་ཀུན་ལ་བཀའ་འགྱུར་གྱི་གླེགས་བམ་བགོ་འགྲེམས་ཀྱིས་ དལ་མེད་བརྩོན་པ་ཆེན་པོས་དུས་ཡུན་ཆུ་ཚོད་གཉིས་ཙམ་ནང་སྒྲ་དག་གསལ་གསུམ་གྱི་སྒོ་ནས་དག་སྒྲོགས་ལེགས་པར་ཞུས།

 

1. དགེ་སློང་རྣམས་ནས་ལུགས་མཐུན་ན་བཟའ་མནབས་ཤིང་སྤོས་སྣ་དང་རྒྱ་གླིང་ཐོགས་ཏེ་བྱང་ཆུབ་མཆོད་རྟེན་གྱི་ཤར་སྒོའི་བང་རིམ་འོག་མ་ནས་རིམ་གྱིས་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་གདན་འདྲེན་བཞིན་པ།

 

2. སྐོར་ལམ་གྱི་སྟེགས་བུའི་སྟེང་མེ་ཏོག་གི་མཆོད་པས་ལེགས་པར་བརྒྱན་པ།

 

3. ཕྱི་ནང་དད་ལྡན་སྐྱ་བོ་རྣམས་ནས་ལམ་ཟུར་དུ་རུ་སྒྲིག་གིས་ལག་ཏུ་དར་དཀར་དང་མེ་ཏོག་ཐོགས་ཏེ་བཀའ་འགྱུར་ཆོས་འཁོར་གྱི་ཕེབས་ སྒུག་ཞུ་བཞིན་པ།

 

4. མི་འགྱུར་རིན་པོ་ཆེ་དང་། ༸སྐྱབས་རྗེ་རྒྱལ་ཚབ་རིན་པོ་ཆེ་རྣམ་གཉིས་ནས་བྱང་ཆུབ་མཆོད་རྟེན་གྱི་ནང་བཀའ་འགྱུར་ཆོས་འཁོར་ གྱི་གདན་ཞུའི་ཕྱིར་སྔོན་དུ་གཤེགས་བཞིན་པ།

 

5. བཀའ་འགྱུར་ཆོས་འཁོར་གྲུབ་རྟིང་དགེ་སློང་ཞིག་ནས་ཕྲག་པར་གླེགས་བམ་ཐོགས་ཏེ་སྐོར་ལམ་ནང་མ་ནས་སྐོར་ལམ་ཕྱི་མར་ཕེབས་ བཞིན་པ།

 

6. བྱང་ཆུབ་མཆོད་རྟེན་གྱི་སྐུ་རྒྱབ་ཕྱོགས་ནས་བཀའ་འགྱུར་ཆོས་འཁོར་ལ་གཤེགས་སྐབས་ཀུན་གྱི་ངག་ནས་ཐུབ་པའི་མཚན་སྔགས་ཨོཾ་མུ་ཎི་མུ་ཎི་མ་ཧཱ་ཤཱཀྱ་མུ་ཎི་ཡེ་སྭཱཧཱ་ཞེས་བཟླ་བཞིན་དུ་བཞུད།

 

7. དད་ལྡན་འགའ་ཞིག་ནས་མཆོད་རྟེན་ཆེན་མོའི་ནང་བཀའ་འགྱུར་ཆོས་འཁོར་སྐབས་རབ་ཏུ་དང་བའི་འཛུམ་དང་། བཀྲག་མདངས་ལྡན་པའི་བཞིན་དཔལ་ངོམ་བཞིན་ལུས་གུས་པའི་སྒོ་ནས་མཆོད་པར་བྱེད་པ།

 

8. དེ་བཞིན་བཙུན་མ་རྣམས་ནས་དགའ་གུས་ཆེན་པོས་ཆོས་འཁོར་གྱི་གུས་བསུ་ཞུ་བཞིན་པ།

 

9. ཟབ་ཅིང་རྒྱ་ཆེ་བའི་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་གླེགས་བམ་བརྒྱ་དང་བརྒྱད་པོ་དག་ཆོས་འཁོར་ལ་གདན་སྐབས་འགའ་ཞིག་ནས་ ལག་ཏུ་དར་དཀར་སོགས་ཐོགས་ཏེ་གུས་བཀུར་ཆེན་པོས་སྒྲེང་བཞིན་པ།

 

10. འདི་ལོ་བཀའ་འགྱུར་ཆོས་འཁོར་སྐབས་དགེ་སློང་མ་གྲངས་བདུན་དུ་མཆིས་པས་སྔ་ལོ་ལས་མང་།

 

11. ༸སྐྱབས་རྗེ་མི་འགྱུར་རིན་པོ་ཆེ་དང་། ༸སྐྱབས་རྗེ་རྒྱལ་ཚབ་རིན་པོ་རྣམ་གཉིས་ནས་བྱང་ཆུབ་མཆོད་རྟེན་དུ་ཞབས་སྐོར་གྲུབ་མཚམས། དགེ་སློང་རྣམས་ནས་དད་གུས་ཆེན་པོས་བཀའ་འགྱུར་ཕྲག་པར་ཐོགས་ཏེ་ཕེབས་བཞུད་སྐབས་དད་ལྡན་སྐྱ་བོ་རྣམས་མེ་ཏོག་གི་མཆོད་པ་ སྟོབ་བཞིན་པ།

 

12. བཙུན་ཆུང་ཞིག་ནས་སྨོན་ལམ་ཆོས་རར་བཀའ་འགྱུར་གྱི་གླེགས་བམ་འགྲེམས་བཞིན་པ།

 

13. དག་སྒྲོགས་མ་ཞུས་གོང་མཎྜལ་རྟེན་གསུམ་འདེགས་འབུལ་ཞུ་བཞིན་པ།།

 

14. ༸སྐྱབས་རྗེ་རྒྱལ་ཚབ་རིན་པོ་མཆོག་ནས་བཀའ་འགྱུར་ལྗགས་ཀློག་མཛད་བཞིན་པ།

 

15. ༸སྐྱབས་རྗེ་མི་འགྱུར་རིན་པོ་ཆེ་ནས་བཀའ་འགྱུར་ལྗགས་ཀློག་གྲུབ་པ་རྣམས་སྒྲིག་སྟེ་མུ་མཐུད་ལྗགས་ཀློག་མཛད་བཞིན་པ།

 

16. དགེ་ཚུལ་སློང་གི་རབ་བྱུང་ཕོ་མོ་ཀུན་ནས་བཀའ་འགྱུར་དག་སྒྲོགས་མཛད་བཞིན་པ།

 

17. དེེ་བཞིན་ཆོས་རར་དགེ་འདུན་འདུས་པ་རྒྱ་མཚོས་བཀའ་འགྱུར་དག་སྒྲོགས་མཛད་བཞིན་པ།

 

18. བཙུན་ཆུང་ཞིག་ནས་བཀའ་འགྱུར་སྒྲོགས་བཞིན་པ།

 

19. འདུས་པ་ཀུན་གྱི་རྩོལ་བས་བཀའ་འགྱུར་ཡུད་ཙམ་ཞིག་ལ་དག་སྒྲོགས་ལེགས་པར་ཞུས་གྲུབ་པ།

 

20. འབྲས་ལྗོངས་ནས་ཕེབས་པའི་༸རྒྱལ་ཚབ་རིན་པོ་ཆེའི་བཙུན་མ་རྣམས་ནས་ཀྱང་བཀའ་འགྱུར་སྒྲོགས་བཞིན་པ།

 

21. དད་ལྡན་སྐྱ་བོ་རྣམས་ནས་ཀྱང་བཀའ་འགྱུར་དག་སྒྲོགས་ཀྱི་མཐུན་འགྱུར་ཅི་ནུས་སྒྲུབ་བཞིན་པ།

 

22. གསོལ་ཇ་འབུལ་མཚམས་སུ་བཙུན་མ་གཞོན་ནུ་མ་འགའ་ནས་བཀའ་འགྱུར་སྒྲོགས་བཞིན་པ།

 

23. རྟ་བདུན་བདག་པོའི་འོད་ཟེར་གྱིས་ཆོས་རར་དྲོད་རིམ་གྱིས་བརྟས་སྐབས་དོ་ཁུར་ཆེན་པོས་བཀའ་འགྱུར་འདོན་བཞིན་པའི་བཙུན་ཆུང་ ཞིག་གི་གདོང་དུ་འོད་ཐད་ཀར་ཕོག་བཞིན་པ།

 

24. བཀའ་འགྱུར་རིན་པོ་ཆེའི་གླེགས་བམ་སྒྲིལ་རས་སེར་པོའི་ནང་བརྩོན་པ་ཆེན་པོས་སྒྲིལ་བཞིན་པ།

 

25. བཀའ་འགྱུར་དག་སྒྲོགས་གྲུབ་སྟེ་གླེགས་བམ་བརྩེགས་ཏེ་བཞག་པ་རྣམས་ལ་དད་ལྡན་རྣམས་ནས་བྱིན་རླབས་ཐོབ་ཕྱིར་དབུ་གཏུག་ ཞུ་བཞིན་པ།

 

བརྙན་པར་གསལ་བཤད་མ་ལུས་ཕྲན་བསྟན་འཛིན་རྣམ་རྒྱལ་ནས་དབྱིན་ཡིག་ལས་ཐད་ཀར་ཕབ་སྒྱུར་ཞུས།