KM-banner1.jpg
KM-banner10.jpg
KM-banner11.jpg
KM-banner12.jpg
KM-banner13.jpg
KM-banner14.jpg
KM-banner15.jpg
KM-banner16.jpg
KM-banner25.jpg
KM-banner24.jpg
KM-banner23.jpg
KM-banner22.jpg
KM-banner21.jpg
KM-banner20.jpg
KM-banner2.jpg
KM-banner19.jpg
KM-banner17.jpg
KM-banner18.jpg
KM-banner26.jpg
KM-banner27.jpg
KM-banner28.jpg
KM-banner29.jpg
KM-banner3.jpg
KM-banner30.jpg
KM-banner31.jpg
KM-banner4.jpg
KM-banner5.jpg
KM-banner6.jpg
KM-banner9.jpg
KM-banner8.jpg
KM-banner7.jpg
Shadow
མི་འཁྲུགས་པའི་བྱང་ཆོག །

མི་འཁྲུགས་པའི་བྱང་ཆོག །

༢༠༡༩ ལོའི་མི་འཁྲུགས་པའི་བྱང་ཆོག ། ས་གནས། གཏེར་སྒར་དགོན་གྱི་སྒོ་མཆོར། དུས་ཚོད། ཕྱི་ལོ་ ༢༠༡༩ ཟླ་བ་དང་པོའི་ཚེས་ ༡༩ ཉིན།

སྤྱིར་ལོ་ལྟར་མི་འཁྲུགས་པའི་བྱང་ཆོག་འདི་ཉིད་དཔལ་༸རྒྱལ་དབང་ཀརྨ་པ་ཆེན་པོ་མཆོག་ནས་མཛད་མུས་ཀྱང་། སྔ་ལོ་མགོན་པོ་མཆོག་ བཀའ་བརྒྱུད་སྨོན་ལམ་དུ་ཞབས་སོར་འཁོད་མ་ཐུབ་པར་བརྟེན་མགོན་པོ་མཆོག་གི་བཀའ་དགོངས་ལྟར་སྐྱབས་རྗེ་ཨ་འཛིན་རིན་པོ་ཆེ་མཆོག་ ནས་སྨོན་ལམ་ཉིན་དྲུག་པའི་དགོང་དྲོར་མི་འཁྲུགས་པའི་བྱང་ཆོག་མཛད་པ་ལྟར། འདི་ལོ་ཡང་རིན་པོ་ཆེ་མཆོག་ནས་མུ་མཐུད་མཛད་འགན་ བསྐྱངས། རྒྱལ་བ་མི་འཁྲུགས་པའི་བསྙེན་མཚམས་དང་། བྱང་ཆོག་འདི་བཞིན་ཉོན་མོངས་པ་ཆགས་སྡང་རྨོངས་གསུམ་ལས་བྱུང་བའི་ཆོས་མིན་ནག་པོའི་ ཕྱོགས་ཀྱི་ལས་སྒྲིབ་སྦྱོང་བ་ལ་མཆོག་ཏུ་བསྔགས་ཤིང་། གཉེན་པོ་ཀུན་ལས་ཁྱད་དུ་འཕགས་པས་ལོ་ལྟར་བཀའ་བརྒྱུད་སྨོན་ལམ་ཆེན་མོའི་ སྐབས་སྔོན་ནས་དཔལ་༸རྒྱལ་དབང་ཀརྨ་པ་མཆོག་ལ་བསྔོ་ཞུ་ཕུལ་བའི་འདས་པོ་ཡོངས་ཀྱི་མིང་བྱང་དང་། གཞན་ཡང་ཕྱོགས་མཐའ་ཁག་ ནས་ཕུལ་བའི་འདས་པོ་ཡོངས་ཀྱི་མིང་བསྡུས་ཏེ་གཏེར་སྒར་མདུན་ཐང་དུ་མི་འཁྲུགས་པའི་དཀྱིིལ་འཁོར་བཤམས་ཏེ་ཨ་འཛིན་རིན་པོ་ཆེ་གཙོ་ བོར་གྱུར་པའི་མི་འཁྲུགས་པའི་བསྙེན་ཚད་སྔོན་སོང་གི་མཚམས་པ་མ་ལུས་འདུས་ཏེ་བྱང་སྲེག་དང་འབྲེལ་བའི་ཆོ་གའི་སྒོ་ནས་བྱང་ཤོག་ཐམས་ ཅད་དུས་གཅིག་ཏུ་སྲེག་པར་བྱེད་པ་ཡིན།

 

༡༽ བྱང་ཆོག་འདི་ཉིད་ལ་གོ་སྒྲིག་གང་འཚམ་དགོས་ཤིང་། གཞན་ཡང་ཐོག་མར་བྱང་ཤོག་སྤོར་བའི་ས་གཞིར་མི་འཁྲུགས་པའི་ཞི་བའི་ དཀྱིལ་འཁོར་བཞེངས་དགོས།

 

༢༽ བྱང་ཆོག་དབུ་མ་ཚུགས་པའི་གོང་དུ་བཙུན་པ་ཞིག་ནས་མི་འཁྲུགས་པའི་དཀྱིལ་འཁོར་བཞེངས་སྐྲུན་གྱི་ལས་ལ་བློ་རྩེ་གཏོད་བཞིན་པ།

 

༣༽ མི་འཁྲུགས་པའི་ཞི་བའི་དཀྱིལ་འཁོར་ལེགས་པར་བཞེངས་གྲུབ་པ།

 

༤༽ རབ་བྱུང་ཟུང་ནས་དཀྱིལ་འཁོར་གྱི་སྟེང་དུ་བུད་ཤིང་རྣམས་རེ་རེ་བཞིན་རྩེག་བཞིན་པ།

 

༥༽ མགོན་པོ་མི་འཁྲུགས་པའི་ཞལ་ཐང་གི་མདུན་དུ་བྱང་ཆོག་དང་འབྲེལ་བའི་ཡོ་བྱད་རྣམས་མདུན་དུ་ལེགས་པར་བཤམས་པ་དང་། མི་འཁྲུགས་པ་འདི་བཞིན་ཤེས་རབ་ཀྱི་ལྷ་མཆོག་ཏུའང་ངོས་འཛིན་བྱེད།

 

༦༽ སྐྱབས་རྗེ་ཨ་འཛིན་རིན་པོ་ཆེ་དང་། ཞབས་ཏོག་པ་ཞིག་ནས་མི་འཁྲུགས་པའི་ཆོ་ག་དང་འབྲེལ་བའི་འཚོག་ཆས་རྣམས་གཏེར་སྒར་སྒོ་མཆོར་ དུ་གོ་སྒྲིག་མཛད་བཞིན་པ།

 

༧༽ སྐྱབས་རྗེ་ཨ་འཛིན་རིན་པོ་ཆེ་ནས་མི་འཁྲུགས་པའི་བྱང་ཆོག་མཛད་སྐབས་ཚོགས་ཞུགས་སུ་རབ་བྱུང་བཙུན་པ་དང་། བཙུན་མ། དེ་བཞིན་སྐྱ་བོ་ཕོ་མོ་གང་ཞིག་མི་འཁྲུགས་པའི་དབང་ཐོབ་པ་དང་། བསྙེན་མཚམས་གྲུབ་པ་རྣམས་ཀྱང་ཚོགས་ཞུགས་སུ་ལྷན་དུ་བཅར་ཡོད།

 

༨༽ སྐྱབས་རྗེ་ཨ་འཛིན་རིན་པོ་ཆེ་ནས་བཀྲ་ཤིས་པའི་རྟགས་བརྒྱད་ལས་བཀྲ་ཤིས་པའི་གདུགས་ཀྱི་མཆོད་པ་འབུལ་བཞིན་པ་དང་། གཞན་ཡང་བཀྲ་ཤིས་པའི་རྟགས་བརྒྱད་ནི། གདུགས། རྒྱལ་མཚན། བུམ་པ། དུང་དཀར་གཡས་འཁྱིལ། གསེར་ཉ། པདྨ། འཁོར་ལོ་དང་། དཔལ་བེའུ་བཅས་བཀྲ་ཤིས་པའི་མཚོན་བྱེད་བརྒྱད་ཡིན།

 

༩༽ རིན་པོ་ཆེ་མཆོག་ནས་བྱང་སྲེག་སྤོར་བར་མཛད་པ།

 

༡༠༽ རིན་པོ་ཆེ་མཆོག་དང་། རབ་བྱུང་བཙུན་པ། བཙུན་མ། ཁྱིམ་པའི་ཚོགས་ཞུགས་པ་ཀུན་ནས་བྱང་སྲེག་སྐབས་མགོན་པོ་མི་འཁྲུགས་ པའི་གཟུངས་སྔགས་ཟློ་བཞིན་པ།

 

༡༡༽ གཏེར་སྒར་སྒོ་མཆོར་གྱི་ཕྱི་ཕྱོགས་སུ་བྱང་ཤོག་སྤོར་བཞིན་པར་རིན་པོ་ཆེ་མཆོག་ནས་གཤིན་པོའི་མིང་བྱང་རྣམས་རེ་རེ་བཞིན་སྲེག་ པར་མཛད་བཞིན་པ།

 

༡༢༽ ཚོགས་ཞུགས་པ་རྣམས་ནས་སྨོན་ལམ་སྐབས་དང་སྔོན་ནས་ཕུལ་ཟིན་བའི་གཤིན་པོའི་མིང་བྱང་རྣམས་ཞུགས་ཀྱིས་བཞེས་བཞིན་པ།

 

༡༣༽ རིན་པོ་ཆེ་མཆོག་དང་རབ་བྱུང་རྣམས་ནས་རབ་ཏུ་འབར་བཞིན་པའི་བྱིན་ཟའི་ནང་གཤིན་པོའི་མིང་བྱང་རྣམས་ལྡུག་བཞིན་པར། ཚོགས་ ཞུགས་པ་རྣམས་ཀྱི་གཏེར་སྒར་དགོན་གྱི་སྒོ་ར་ནས་དང་བའི་ཡིད་ཀྱིས་ལེགས་པར་མཇལ་བཞིན་པ།

 

༡༤༽ མེ་དཔུང་རབ་ཏུ་འབར་བཞིན་པར་བྱང་ཤོག་མཐའ་མ་མ་བསྲེགས་བར་མེ་ལྕེ་རིམ་གྱིས་མཆེད་བཞིན་པ།

 

༡༥༽ སྨོན་ལམ་ཚོགས་ཞུགས་པ་འགས་མི་འཁྲུགས་པའི་གཟུངས་སྔགས་ཀྱི་བཟླས་བརྗོད་དང་ཆབས་ཅིག་དཀྱིལ་འཁོར་ལ་སྐོར་བ་བགྱིད་ བཞིན་པ། ཕྲན་བསྟན་འཛིན་རྣམ་རྒྱལ་ནས་དབྱིན་ཡིག་ལྟར་བསྒྱུར་ཁར་ཁ་སྣོན་ཅུང་ཟད་ཀྱིས་བརྒྱན་པ་བཅས།