KM-banner1.jpg
KM-banner10.jpg
KM-banner11.jpg
KM-banner12.jpg
KM-banner13.jpg
KM-banner14.jpg
KM-banner15.jpg
KM-banner16.jpg
KM-banner25.jpg
KM-banner24.jpg
KM-banner23.jpg
KM-banner22.jpg
KM-banner21.jpg
KM-banner20.jpg
KM-banner2.jpg
KM-banner19.jpg
KM-banner17.jpg
KM-banner18.jpg
KM-banner26.jpg
KM-banner27.jpg
KM-banner28.jpg
KM-banner29.jpg
KM-banner3.jpg
KM-banner30.jpg
KM-banner31.jpg
KM-banner4.jpg
KM-banner5.jpg
KM-banner6.jpg
KM-banner9.jpg
KM-banner8.jpg
KM-banner7.jpg
Shadow
༸སྐྱབས་རྗེ་རྒྱལ་ཚབ་རིན་པོ་ཆེ་མཆོག་ནས་རྡོར་གདན་ཐུབ་པའི་སྐུ་བརྙན་ལ་ཞལ་གསེར་སྒྲོན་པ།

༸སྐྱབས་རྗེ་རྒྱལ་ཚབ་རིན་པོ་ཆེ་མཆོག་ནས་རྡོར་གདན་ཐུབ་པའི་སྐུ་བརྙན་ལ་ཞལ་གསེར་སྒྲོན་པ།

ས་གནས། རྡོར་གདན་བྱང་ཆུབ་མཆོད་རྟེན། དུས་ཚོད། ཕྱི་ལོ་ ༢༠༡༩ ཟླ་བ་དང་པོའི་ཚེས་ ༢༠ ཉིན།

ལོ་ལྟར་བཀའ་བརྒྱུད་སྨོན་ལམ་ཆེན་མོའི་སྐབས་མཆོད་འབུལ་གྱི་ཆ་ཤས་སུ་རྡོར་གདན་བྱང་ཆུབ་མཆོད་རྟེན་ནང་གི་རྟེན་གཙོ་ཐུབ་པའི་ཞལ་སྐྱིན་ མཐོང་གྲོལ་རིན་པོ་ཆེར་ཞལ་གསེར་དང་། ན་བཟའ་སྒྲོན་འབུལ། གསོལ་ལྷུང་འགེངས་འབུལ་སོགས་ཀྱི་མཆོད་སྤྲིན་མཛད་མུས་ལྟར། འདི་ལོ་བཀའ་བརྒྱུད་སྨོན་ལམ་གྱི་ཉིན་མཐའ་མར་༸སྐྱབས་རྗེ་རྒྱལ་ཚབ་རིན་པོ་ཆེ་མཆོག་བྱང་ཆུབ་མཆོད་རྟེན་དུ་ཕེབས་ཏེ་བདག་ཅག་གི་སྟོན་པའི་སྐུ་བརྙན་ལ་ཞལ་གསེར་སྒྲོན་འབུལ་མཛད།

༡༽ ༸སྐྱབས་རྗེ་གོ་ཤྲཱི་རྒྱལ་ཚབ་རིན་པོ་ཆེ་མཆོག་དང་གང་གི་སྐུ་འཁོར་རྣམས་བྱང་ཆུབ་མཆོད་རྟེན་གྱི་བྱོན་ལམ་བརྒྱུད་ཕེབས་བཞུད་ མཛད་བཞིན་པ། 

 

༢༽ རྡོར་གདན་གྱི་བྱང་ཆུབ་མཆོད་རྟེན་འདི་ཉིད་ཐོག་མར་ཕྱག་འདེབས་པ་པོ་ཆོས་རྒྱལ་མྱ་ངན་མེད་ཀྱིས་སྟོན་པ་ཡི་ཤུའི་འདས་ལོའི་སྔོན་ གྱི་བགྲང་བྱ་ ༢༦༠ སྔ་རོལ་ཏུ་བདག་ཅག་་གི་སྟོན་པ་གནས་གང་དུ་བྱང་ཆུབ་མངོན་དུ་མཛད་པའི་གཞིའི་རྗེས་དྲན་མཚོན་པའི་ཕྱིར་དང་། དེ་ཡང་བཞེད་ཚུལ་གཅིག་ལ་ད་ལྟའི་མཆོད་རྟེན་གྱི་བཟོ་བཀོད་དེ་བཞིན་དུས་རབས་ལྔ་པ་དྲུག་པའི་མཚམས་རྒྱ་གར་གྱི་ས་སྐྱོང་གུཔྟའི་རྒྱལ་བརྒྱུད་སྐབས་བཞེངས་པར་གྲགས། དེ་ཉིད་འཛམ་གླིང་ནང་ནང་པའི་ལྷ་ཁང་རྙིང་ཤོས་ཤིག་དང་ཕྱོགས་ཀུན་ཏུ་གྲགས་ཆེ་བ་ཞིག་ཀྱང་ཡིན་ པས། ལོ་རྒྱུས་ནང་ད་བར་ཞིག་གསོས་ལན་གྲངས་དུ་མར་བགྱིས་ཏེ་བར་སྐབས་ཉམས་དམས་སུ་གྱུར་ཀྱང། སླར་ཡང་དུས་རབས་བཅུ་དགུ་ པའི་ནང་ཉམས་པ་སོར་ཆུད་ཀྱིས་རྒྱ་བསྐྱེད་ཕུན་སུམ་ཚོགས་པ་བྱུང་ཡོད།

 

༣༽ བྱང་ཆུབ་མཆོད་རྟེན་གྱི་གཙུག་ལག་ཁང་ནང་འཛམ་གླིང་ནང་གྲགས་ཆེ་བའི་རྟེན་གྱི་གཙོ་བོ་སྟོན་པའི་ཞལ་སྐྱིན་མཐོང་གྲོལ་རིན་པོ་ཆེ་ འདི་ཉིད་ཡིན། རྟེན་གཙོ་དེ་ཉིད་རྡོ་རྗེའི་གདན་ནམ་རིན་པོ་ཆེ་ཕ་ལམ་་ལས་གྲུབ་པའི་ཁྲི་སྟེང་དུ་བཞུགས་ཡོད། སྐུ་བརྙན་འདི་ཉིད་རྒྱུན་ལྡན་ ལྟར་མ་ཡིན་པའི་སྐུ་མདོག་ནག་པོ་ཡིན། ཅི་ཡིན་ཞེ་ན་འདི་ཉིད་རྡོ་ནག་ལས་་གྲུབ་པའི་སྐུ་རྟེན་ཁྱད་དུ་འཕགས་པ་ཤིག་དང་དེ་ཉིད་སྟེང་གསེར་ རྩི་བསྒྲོན་པ་ཞིག་ཡིན། གཞན་ཡང་ངུར་སྨྲིག་གི་ན་བཟའ་ཕུན་སུམ་ཚོགས་པས་དུས་ཀུན་ཏུ་ཀླུབས་ཤིང་བརྗིད་པར་བཞུགས་པ་ཡིན།

 

༤༽ མཛད་སྒོའི་དབུ་འཛུགས་ཀྱི་སྔ་རོལ་ཏུ་ཞལ་འདོན་ཐུགས་སྨོན་མཛད་བཞིན་པ།

 

༥༽ ༸སྐྱབས་རྗེ་རྒྱལ་ཚབ་རིན་པོ་ཆེ་མཆོག་ནས་ཞལ་གསེར་བསྒྲོན་འབུལ་དབུ་འཛུགས་བཞིན་པ།

 

༦༽༸སྐྱབས་རྗེ་རྒྱལ་ཚབ་རིན་པོ་ཆེར་རི་མོ་དང་གཏོར་བཟོ་མཁས་པ་བཙུན་པ་ཀརྨ་དབང་ཕྱུག་ནས་ཞབས་ཏོག་ཞུ་བཞིན་པ།

 

༧༽༸སྐྱབས་རྗེ་རིན་པོ་ཆེ་མཆོག་ནས་ཐུགས་རབ་ཏུ་དང་དད་ཆེ་བའི་སྒོ་ནས་ཞལ་གསེར་འབུལ་བཞིན་པ།

 

༨༽ སྐུ་རྟེན་གང་པོར་ཞལ་གསེར་འབུལ་བཞིན་པ།

 

༩༽ ཞལ་གསེར་བསྒྲོན་འབུལ་གྲུབ་པ་རྟིང་།

 

༡༠༽ ཞབས་འབྲིང་བས་རིན་པོ་ཆེ་མཆོག་ལ་ཕྱག་སྦྲེལ་གྱིས་ཤོད་དུ་གདན་ཞུ་བགྱིད་བཞིན་པ།

 

༡༡༽ མཐར་རིན་པོ་ཆེ་མཆོག་དང་སྐུ་འཁོར་ཡོངས་ནས་བསྔོ་སྨོན་གསུང་བཞིན་པ།

 

༡༢༽ སྲོད་དུ་སྣང་བའི་བྱང་ཆུབ་མཆོད་རྟེན་གྱི་མཛེས་སྡུག །ཕྱི་ལོ་ ༢༠༠༢ ལོར་རྒྱལ་སྤྱིའི་གནའ་རབས་རིག་དངོས་ཀྱི་ངོས་འཛིན་ཐོབ། འདི་ཉིད་འཛམ་གླིང་ནང་ནང་པའི་གནས་ཆེན་ཁྱད་དུ་འཕགས་པ་ཞིག་ཡིན།