KM-banner1.jpg
KM-banner10.jpg
KM-banner11.jpg
KM-banner12.jpg
KM-banner13.jpg
KM-banner14.jpg
KM-banner15.jpg
KM-banner16.jpg
KM-banner25.jpg
KM-banner24.jpg
KM-banner23.jpg
KM-banner22.jpg
KM-banner21.jpg
KM-banner20.jpg
KM-banner2.jpg
KM-banner19.jpg
KM-banner17.jpg
KM-banner18.jpg
KM-banner26.jpg
KM-banner27.jpg
KM-banner28.jpg
KM-banner29.jpg
KM-banner3.jpg
KM-banner30.jpg
KM-banner31.jpg
KM-banner4.jpg
KM-banner5.jpg
KM-banner6.jpg
KM-banner9.jpg
KM-banner8.jpg
KM-banner7.jpg
Shadow
༈  བཀའ་བརྒྱུད་སྨོན་ལམ་ཐེངས་སོ་དྲུག་པའི་དམིགས་བསལ་ཁྱད་ཆོས།

༈ བཀའ་བརྒྱུད་སྨོན་ལམ་ཐེངས་སོ་དྲུག་པའི་དམིགས་བསལ་ཁྱད་ཆོས།

བཀའ་བརྒྱུད་སྨོན་ལམ་ཐེངས་སོ་དྲུག་པའི་དམིགས་བསལ་ཁྱད་ཆོས། དུས་ཚོད། ཕྱི་ལོ་ ༢༠༡༩ ཟླ་བ་དང་པོའི་ཚེས་ ༢༢ ཉིན། ས་གནས། རྡོར་གདན་བཀའ་བརྒྱུད་སྨོན་ལམ་ཆོས་ར།
བཀའ་བརྒྱུད་སྨོན་ལམ་ཐེངས་སོ་དྲུག་པའི་མཐའ་མར་དགེ་བའི་མཇུག་ལེགས་པར་གྲུབ་རྟིང་། ཚོགས་ཞུགས་སེར་སྐྱ་ཕོ་མོ་ཕལ་ཆེ་བ་རང་རང་སོ་སོའི་དགོན་སྡེ་ཁག་དང་ཁྱིམ་ལ་ཕྱིར་ལོག་པར་བྲེལ། འོན་ཀྱང་བཙུན་མ་རྣམས་འཕགས་མ་བདེ་ཆོས་མའི་དགུན་ཆོས་འཚོག་བཞིན་ཡོད་སྟབས་ད་ལྟ་མུ་མཐུད་གནས་ཡོད། འདི་ལོ་བཀའ་བརྒྱུད་སྨོན་ལམ་བདུན་གཉིས་རིང་དོ་སྣང་བགྱིད་འོས་པའི་གནད་དོན་འགའ་ནི་གཤམ་གསལ་བརྙན་པར་སྡེ་ཚན་རྣམས་ཡིན།

 

༡༽ འདི་ལོ་ཁྱད་ཆོས་གནད་ཆེ་བ་ཞིག་ལ་བཀའ་བརྒྱུད་སྨོན་ལམ་ཐེངས་སོ་དྲུག་པར་ཧི་མཱ་ལ་ཡའི་ས་ཁུལ་ནས་དད་ལྡན་ཕོ་མོ་སྟོང་ཚོ་གསུམ་ ལྷག་ཙམ་ཚོགས་ཞུགས་བྱས་ཡོད།

 

༢༽ དགོན་སྡེ་ཁག་ནས་རབ་བྱུང་དང་།

 

༣༽  བཙུན་མ་བཞི་སྟོང་ལྷག་ཚོགས་ཕེབས་མཛད་ཡོད།

 

༤༽ དེ་སྟེང་བཀུར་འོས་རིན་པོ་ཆེ་དང་སྤྲུལ་སྐུ་རྣམ་པ་ཡང་ཆེད་གཉེར་གྱིས་ཚོགས་ཕེབས་མཛད་ཡོད།

 

༥༽ ཤར་ནུབ་ཡུལ་གྲུ་ཁག་ནས་ཚོགས་ཞུགས་པ་ཆིག་སྟོང་སུམ་བརྒྱ་ཙམ་འདུས་ཡོད།

 

༦༽ དེ་བཞིན་སྙེ་ཤང་ཚོགས་ཞུགས་པ་རྣམས་ནས་ཞབས་ཏོག་གལ་ཆེ་སྒྲུབ་ཡོད་དེ། དེ་ཡང་འདི་ལོའི་བཀའ་བརྒྱུད་སྨོན་ལམ་གྱི་སྦྱིན་བདག་མཛད་ཡོད་པ་མ་ཟད་དྷརྨ་པ་ལ་དང་། གསོལ་ཇ་འདྲེན་འབུལ། ཟས་སྣོད་འཁྲུ་བཤལ་ལ་སོགས་པའི་དྭང་བླང་སྲི་ཞུའི་ཆ་ཤས་ཀྱང་ཅི་ལྕོགས་སྒྲུབ་ཡོད།

 

༧༽ སྙེ་ཤང་བུད་མེད་རྣམས་ནས་གསོལ་ཇ་འདྲེན་འབུལ་གྱི་སྲི་ཞུ་སྒྲུབ་བཞིན་པ།

 

༨༽ དེ་བཞིན་གསོལ་ཐབ་ནང་ཚལ་བཏུབ་པའི་ལས་ལ་དྭང་བ་ཆེན་པོས་བརྩོན་བཞིན་པ།

 

༩༽ ཧ་ཡང་དང་སྡེར་མ་འཁྲུ་བཤལ་གྱི་ཞབས་ཞུ་སྒྲུབ་བཞིན་པ།

 

༡༠༽ སྐྱེས་པ་རྣམས་ནས་དྷརྨ་པཱ་ལའམ་ཆོས་སྐྱོང་གི་སྲི་ཞུ་སྒྲུབ་བཞིན་པ།

 

༡༡༽ འདི་ལོར་བྱོན་ལེགས་ཀྱི་རྒྱལ་སྒོ་སྔར་སྲོལ་བོད་ཀྱི་བཟོ་བཀོད་ལྟར་གོ་སྒྲིག་ཞུས་ཡོད་པས། གོ་སྒྲིག་ཞུ་བ་པོ་གོམས་རྩལ་ཆེ་བ་རྣམས་ལ་སྟབས་བདེ་བའི་ཚུལ་དུ་སྣང།

 

༡༢༽ འདི་ལོ་ཆོས་རའི་སྤྲོས་པ་སྔར་རྒྱུན་ལྟར་མ་མཆིས་ཀྱང་། མཛེས་སྡུག་ལྡན་ཞིང་ཁ་དོག་སྣ་ཚོགས་པའི་མེ་ཏོག་གིས་ལེགས་པར་བརྒྱན་ཅིང་། ཆེས་གུ་ཡངས་ཀྱི་དཔལ་དང་ལྡན་ཁར།

 

༡༣༽ ནན་ཏན་ཆེན་པོས་ཆ་སྙོམས་ལེགས་པར་བཀོད་སྒྲིག་བགྱིས་འདུག །

 

༡༤༽ སྔར་མཆོད་གཏོར་རྣམས་ཆོས་རའི་བང་རིམ་རྩེ་མོར་སྒྲིག་སྲོལ་ཡོད་ཀྱང་། འདི་ལོ་༸རྒྱལ་དབང་མཆོག་གི་བཀའ་ཕེབས་དགོངས་དོན་བཞིན་མཐོ་ཚད་སྐུམ་ཁྲུ་བདུན་ཙམ་མཆིས་པའི་ཐུབ་པ་རིགས་དྲུག་གི་སྐུ་བརྙན་ལྡན་པའི་མཆོད་གཏོར་རྣམས་དད ལྡན་ཚོགས་ཞུགས་པ་ཀུན་གྱིས་མཇལ་བདེ་བའི་ཕྱིར་ཆོས་རའི་གམ་དུ་བསྒྲིགས་ཡོད། 

 

༡༥༽ རྒྱུན་དུ་གཏོར་མ་ཆེ་ཁག་བརྒྱད་ཀྱི་གྲངས་ལྡན་དུ་བཞེངས་སྲོལ་ཡོད་ཀྱང་། འདི་ལོ་ཐུབ་པ་རིགས་དྲུག་གི་སྐུ་བརྙན་བཞེངས་དགོས་སྟབས་གཏོར་མ་ཆེ་ཁག་དྲུག་ལས་མེད།

 

༡༦༽ བཙུན་མའི་དབུ་མཛད་རྣམས་ནས་ཀྱང་བཙུན་པའི་དབུ་མཛད་རྣམས་དང་གཅིག་མཚུངས་སུ་འདོན་པ་སྐུལ་བཞིན་པ།

 

༡༧༽ ༸སྐྱབས་རྗེ་ཨ་འཛིན་རིན་པོ་ཆེ་མཆོག་གིས་རྒྱལ་བ་མི་འཁྲུགས་པའི་ཆོ་གའི་སྒོ་ནས་བྱང་སྲེག་མཛད་བཞིན་པ།

 

༡༨༽ མི་འཁྲུགས་པའི་བྱང་སྲེག་གི་དུས་ཡུན་ཡང་འཕོ་འགྱུར་གྱིས་སྲོད་ཀྱི་ཚབ་ཏུ་གུང་ཡོལ་རྗེས་དབུ་འཛུགས་མཛད་བཞིན་པ།