རྡོ་རྗེ་གདན་གྱི་ལམ་ཡིག །

བཀའ་བརྒྱུད་སྨོན་ལམ་ཆེན་མོའི་ཚུགས་ཡུལ་ཆོས་ར་ནི་རྒྱ་གར་གྱི་མངའ་སྡེ་བི་ཧཱར་ནང་དུ་ཡོད་པའི་གནས་མཆོག་རྡོ་རྗེ་གདན་གཏེར་སྒར་དགོན་གྱི་ཉེ་འདབས་སུ་ཡོད། དེ་ནས་གྲོང་ཁྱེར་ག་ཡཱ་ནས་རྒྱང་ཚད་ཀི་ལོ་མི་ཊར་ ༡༧ སར་ཆགས་ཡོད། དེ་བར་མཁའ་ལམ་དང་། མེ་འཁོར། རླངས་འཁོར་སོགས་གང་བདེ་ལྟར་ཕེབས་རྒྱུའི་འགྲིམ་འགྲུལ་གྱི་ཆ་རྐྱེན་ཡོད།
གནམ་ཐང་ཉེ་ཤོས་ནི་ག་ཡཱའི་གནམ་ཐང་། གནམ་ཐང་དེ་ནས་རྡོ་གདན་བཀའ་བརྒྱུད་སྨོན་ལམ་ཚུགས་ཡུལ་བར་རྒྱང་ཁད་ཀི་ལོ་མི་ཊར་ ༡༧ ཡོད། ག་ཡཱ་གནམ་ཐང་ནས་རྒྱ་གར་གྱི་གྲོང་ཁྱེར་ཆེ་ཁག་ཚང་མར་འཕུར་བསྐྱོད་འགྲིམ་འགྲུལ་གྱི་ཆ་རྐྱེན་ཡོད། རྡོར་གདན་དུ་ཕེབས་ཆེད་བི་ཧར་གྱི་རྒྱལ་ས་པཊ་ཎ་བར་མཁའ་ལམ་དང་མེ་འཁོར་སོགས་ཡོད་ཅིང་། དེ་ནས་སྤྱི་སྤྱོད་རླངས་འཁོར་། གླ་འཁོར་སོགས་ནང་ཕེབས་རྒྱུའི་ཆ་རྐྱེན་ཡོད། པཊ་ཎ་ནས་རྡོར་གདན་བར་རྒྱང་ཁད་ཀི་ལོ་མི་ཊར་ ༡༣༥ ཡོད།
རྡོ་རྗེ་གདན་དུ་ཕེབས་ཆེད་མེ་འཁོར་བབས་ཚུགས་ཉེ་ཤོས་ནི་ག་ཡཱ་གྲོང་ཁྱེར་ཡིན། དེ་ནས་རྡོ་རྗེ་གདན་བར་ཀི་ལོ་མི་ཊར་ ༡༧ ཙམ་གྱི་འགྲུལ་ཞུད་སླད་སྤྱི་སྤྱོད་རླངས་འཁོར་སོགས་གླ་འཁོར་ཆེ་ཆུང་སྣ་ཚོགས་ཡོད།

Right-Column-Pics24.jpg

བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཐེངས་སོ་དྲུག་པ།

Tibetan / English / Chinese •  FrenchGerman • IndonesianKorean • PolishRussianSpanish  • Vietnamese 

སྨོན་ལམ་གསུང་ཆོས།

བློ་སྦྱོང་དོན་བདུན་མའི་བཀའ་ཁྲིད། གོ་ཤྲི་རྒྱལ་ཚབ་རིན་པོ་ཆེ།
ཕྱི་ཟླ་ 1 ཚེས་ 28 ནས་ 30 བར། 2020 ལོ་