དེ་རིང་ཞོགས་པར་གནས་ར་ཚང་ལྷུན་གྲུབ་གློ་བུར་དུ་འདས་གྲོངས་སུ་གྱུར་པ་ནི་བློ་ཕམ་པའི་གནས་ཚུལ་ཞིག་ཏུ་མ་ཟད།

དེ་རིང་ཞོགས་པར་གནས་ར་ཚང་ལྷུན་གྲུབ་གློ་བུར་དུ་འདས་གྲོངས་སུ་གྱུར་པ་ནི་བློ་ཕམ་པའི་གནས་ཚུལ་ཞིག་ཏུ་མ་ཟད། མི་མང་པོ་ཞིག་ལ་མཚོན་ན་ཁོང་ནི་སྤྱི་སེམས་ཆེ་ཞིང་། བླ་མ་དང་བསྟན་པའི་སྲི་ཞུ་ལ་བརྩོན་པའི་སློབ་མ་དད་གུས་ཅན་གྱི་དཔེ་མཚོན་དང་། ངོས་སྒེར་ལ་མཚོན་ནའང་ཅི་བསམ་སྒྲུབ་པའི་གྲོགས་པོ་ཞིག་ཡིན། ངས་ད་ལྟ་ཁྱེད་དང་ཐག་ཉེ་སའི་མི་ཡུལ་གྱི་གྲམ་ཁ་ཞིག་ནས་གསོལ་འདེབས་དང་སྨོན་ལམ་གྱི་སྐད་གསང་མཐོན་པོར་བཏེག་སྟེ། བདེ་སྐྱིད་ཀྱི་ལམ་སྣེ་དཀར་པོའི་ཐོག་ཏུ་གཏན་དུ་བདེ་བའི་སྐྱེལ་མ་རེ་ཞུ། ཀྱེ་མ་ཚེ་སྲོག་ནི་དེ་འདྲའི་འཇིག་སླ་བ་ལ། གྲོགས་པོ་ཚོ། མི་ཚེ་ཡུན་ཐུང་འདིར་རང་གི་ལུས་སེམས་ཀྱི་བདེ་ཐང་དང་། མཛའ་གྲོགས་རྣམས་ལ་གཅེས་སྤྲས་ཀྱིས་དགེ་བའི་བྱ་བ་སང་འགྱང་གནངས་འགྱང་དུ་མ་སོང་བར་ཉི་མ་དེ་རིང་ནས་སྒྲུབ་པར་སྨོན། ཀརྨ་པ་ཨོ་རྒྱན་ཕྲིན་ལས་པས་ཁེ་ན་ཌ་ནས། ཕྱི་ལོ་༢༠༡༧ཟླ་༦ཚེས་༥ལ།

Right-Column-Pics3.jpg

བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཐེངས་སོ་དྲུག་པ།

Tibetan / English / Chinese •  FrenchGerman • IndonesianKorean • PolishRussianSpanish  • Vietnamese 

སྨོན་ལམ་གསུང་ཆོས།

བློ་སྦྱོང་དོན་བདུན་མའི་བཀའ་ཁྲིད། གོ་ཤྲི་རྒྱལ་ཚབ་རིན་པོ་ཆེ།
ཕྱི་ཟླ་ 1 ཚེས་ 28 ནས་ 30 བར། 2020 ལོ་