དཔལ་འཁོར་ལོ་བདེ་མཆོག་དབང་ཆེན་གྱི་ས་ཆོག

བུམ་དབང་གི་སྔོན་དུ་འགྲོ་དགོས་པ་ལ་བྱ་བ་གཉིས་སུ་མཆིས་པ་ལས། དང་པོ་ལ་ས་ཆོག་དང་། གཉིས་པ་ལ་སྟ་གོན་ཞེས་བརྗོད། དེ་ཡང་ཕྱི་ལོ་ ༢༠༡༧ ཟླ་བ་གཉིས་པའི་ཚེས་ ༦ ཉིན་སྔ་དྲོ་དུས་ཚོད་ ༦ པའི་ཐོག་༸དཔལ་རྒྱལ་དབང་ཀརྨ་པ་མཆོག་བཞུགས་མཚེར་གཏེར་སྒར་དགོན་ནས་སྨོན་ལམ་ཆོས་རར་དུང་རྒྱ་སྤོས་སྣ་དང་བཅས་གདན་ཞུས་ཀྱིས་ཆིབས་སྒྱུར་བསྐྱངས་ཏེ་བཞུགས་ཁྲིར་ཞབས་འཁོད་ཐོག་ཕྱོགས་བཞིར་སྒྲུབ་དཔོན་བདེ་ཆེན་རིན་པོ་ཆེ་དང་རུམ་བཏེག་སྒྲུབ་དཔོན་གཙོས་སྒྲུབ་ཐེངས་དང་པོ་ཟིན་པའི་སྒྲུབ་བླ་རྣམས་དང་། དེ་བཞིན་གདན་ས་རུམ་བཏེག་གི་རྡོར་སློབ་དང་དབུ་མཛད་ཀྱིས་དབུས་པའི་ཆོག་གྲྭ་དགེ་འདུན་སུམ་ཅུ་ཙམ་ནས་དགོང་དྲོའི་དུས་ཡུན་བར་ས་ཆོག་མཛད། ས་ཆོག་ཅེས་པའི་གོ་དོན་ནི། སྤྱིར་ས་གཞི་རྣམས་མིས་བདག་ཏུ་བཟུང་བ་ལྟར་རང་རེའི་འདྲེན་བྱེད་ཀྱིས་མ་གྱུར་པའི་ལྷ་ཀླུ་གཞི་བདག་གནོད་སྦྱིན་རྣམས་ནས་ཀྱང་ས་གཞི་བདག་ཏུ་བཟུང་སྟེ་གནས་ཡོད་པ་ལས། དེ་དག་རྣམས་ལ་ཆོས་ཕྱོགས་དང་འབྲེལ་བའི་ལས་དོན་བྱ་ཆོག་པའི་ཆོག་མཆན་ཞུས་པའི་ཚུལ་ལ་ས་ཆོག་ཅེས་བརྗོད་པ་ཡིན། བསྟན་འཛིན་རྣམ་རྒྱལ། 20170206_Chakrasamvara Empowerment Day1 Sa Chog (land purification)
Right-Column-Pics26.jpg

བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཐེངས་སོ་དྲུག་པ།

Tibetan / English / Chinese •  FrenchGerman • IndonesianKorean • PolishRussianSpanish  • Vietnamese 

སྨོན་ལམ་གསུང་ཆོས།

བློ་སྦྱོང་དོན་བདུན་མའི་བཀའ་ཁྲིད། གོ་ཤྲི་རྒྱལ་ཚབ་རིན་པོ་ཆེ།
ཕྱི་ཟླ་ 1 ཚེས་ 28 ནས་ 30 བར། 2020 ལོ་