བཀའ་བརྒྱུད་སྨོན་ལམ་ཐེངས་སོ་ལྔ་པ་དབུ་ཚུགས་པ།

 

སྤྱི་ལོ་༢༠༡༨ཟླ་༢པའི་ཚེས་༢༢ནས་ཕྱི་ཟླ་༣པའི་ཚེས་༥བར་གནས་མཆོག་རྡོ་རྗེ་གདན་དུ་བཀའ་བརྒྱུད་སྨོན་ལམ་ཆེན་མོ་འཚོག་རྒྱུ་རེད་འདུག

དེ་ཡང་འཛམ་གླིང་ས་ཡི་ལྟེ་བ་བསྐལ་བཟང་སངས་རྒྱས་སྟོང་རྩ་སངས་རྒྱས་པའི་གནས། ལྷག་པར་དུ་བདག་ཅག་གི་སྟོན་པ་མཉམ་མེད་དོན་ཀུན་གྲུབ་པ་ཤཀྱཱའི་རྒྱལ་པོ་དེ་ཉིད་ཀྱིས་སྲོད་ལ་བདུད་བཏུལ། གུང་ལ་མཉམ་པར་བཞག །ཐོ་རངས་མངོན་པར་རྫོགས་པ་སངས་རྒྱས་པའི་གནས་ཁྱད་པར་ཅན་ཡུལ་མ་ག་དྷའི་གན་དྷོ་ལའི་ཉེ་འགྲམ་བཀའ་བརྒྱུད་སྨོན་ལམ་ཆེན་མོའི་ཚོགས་ཁང་དུ་དེ་རིང་སྤྱི་ཚེས་༢༢ཉིན་སྔོན་འགྲོའི་གསུང་ཆོས་དངོས་སུ་དབུ་ཚུགས། སྔར་ལོ་གསལ་བསྒྲགས་སྔོན་སོང་གི་དུས་ཡུན་ལས་རེ་ཞིག་ཕྱིར་འགྱངས་བྱུང་ཡང་། ད་ལམ་དཔལ་༸རྒྱལ་དབང་ཀརྨ་པ་མཆོག་གིས་བཀའ་དགོངས་ལྟར་སྨོན་ལམ་སྐབས་སྤྱོད་ལམ་རྒྱུགས་བཞེས། སྔོན་འགྲོའི་གསུང་ཆོས། སྨོན་ལམ་དངོས་གཞི། ཞྭ་མཇལ་དང་ཚེ་དབང་། མར་མེ་སྨོན་ལམ་བཅས་ཀྱིས་མཇུག་བསྡུ་རྒྱུ་རེད།

དེ་ཡང་སྤྱོད་ལམ་རྒྱུགས་བཞེས་ནི་སྔར་རྒྱུན་ལྟར་དང་། སྔོན་འགྲོའི་གསུང་ཆོས་སྐབས་༸རྒྱལ་དབང་ཀརྨ་པ་མཆོག་གིས་བཀའ་ཕེབས་དགོངས་དོན་བཞིན་༸སྐྱབས་རྗེ་རྒྱལ་ཚབ་རིན་པོ་ཆེས་སྔ་དྲོའི་ཆར་ཉིན་གསུམ་གྱི་རིང་༸ཀརྨ་པ་སྐུ་ཕྲེང་གསུམ་པ་རང་བྱུང་རྡོ་རྗེས་མཛད་པའི་ཕྱག་ཆེན་སྨོན་ལམ་གྱི་བཀའ་ཆོས་བཀའ་དྲིན་སྩལ་རྒྱུ་དང་། ཕྱི་དྲོར་༸སྐྱབས་རྗེ་ཡོངས་དགེ་མི་འགྱུར་རིན་པོ་ཆེས་སྒོམ་ཁྲིད་ཀྱི་སྐོར་བཀའ་ཆོས་སྩལ་རྒྱུ་རེད་འདུག

སྤྱི་ཟླ་༢ པའི་ཚེས་ ༢༦ ནས་སྤྱི་ཟླ་༣ པའི་ཚེས་ བར་སྨོན་ལམ་དངོས་གཞིའི་སྐབས་བཀའ་འགྱུར་ཆོས་སྐོར། གནས་བརྟན་ཕྱག་སྐོར། ཆོས་དྲུག་རས་འབུད་བཅས་མཛད་རིམ་ཟུར་གསལ་ལྟར་དང་། ཚེས་ ཉིན་སྔ་དྲོར་༸སྐྱབས་རྗེ་རྒྱལ་ཚབ་རིན་པོ་ཆེས་དབུ་ཞྭའི་མཇལ་ཁ་དང་ཚེ་དབང་བཀའ་དྲིན་སྩལ་རྗེས་དགོང་དྲོ་མར་མེའི་སྨོན་ལམ་བཅས་ཀྱིས་འཛམ་གླིང་ཞི་བདེ་བསྐྲུན་ཕྱིར་བཀའ་བརྒྱུད་སྨོན་ལམ་ཆེན་མོ་མཇུག་རྫོགས་རྒྱུ་རེད་འདུག

ཐུབ་བསྟན་སྦྱིན་པ་ནས།

Right-Column-Pics4.jpg

བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཐེངས་སོ་དྲུག་པ།

Tibetan / English / Chinese •  FrenchGerman • IndonesianKorean • PolishRussianSpanish  • Vietnamese 

སྨོན་ལམ་གསུང་ཆོས།

བློ་སྦྱོང་དོན་བདུན་མའི་བཀའ་ཁྲིད། གོ་ཤྲི་རྒྱལ་ཚབ་རིན་པོ་ཆེ།
ཕྱི་ཟླ་ 1 ཚེས་ 28 ནས་ 30 བར། 2020 ལོ་